རེས་སྐོར་གསར་པའི་ཡིག་ཚགས་དང་གཱ་བཟོས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་དབུལ་པོའི་གྲངས་འབོར་དེ་2013ལོའི་ལོ་མཇུག་གི་ཁྲི་80ནས་2014ལོའི་ལོ་མཇུག་གི་ཁྲི་69བར་ཆག་ནས་མི་ཁྲི་11ཉུང་དུ་ཕྱིན་ཡོད། བོད་ཀྱི་མི་འབོར་དབུལ་པོའི་གྲངས་འབོར་ལོ་རེ་བཞིན་ཉུང་དུ་ཕྱིན་ནས་དབུལ་སྐྱོར་ལས་དོན་ལ་མངོན་གསལ་དོད་པོས་གྲུབ་འབྲས་ཐོབ་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་གཉིས་པ”ཚུན་བོད་ཀྱི་དབུལ་སྐྱོར་ལས་དོན་སྤེལ་བ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མངོན་གསལ་དོད་པོས་འཕར་ནས་2014ལོའི་ལོ་མཇུག་ཏུ་མང་ཚོགས་དབུལ་པོའི་ཡོང་འབབ་འཕར་ཚད་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་3གྱིས་མཐོ་བ་ཡོད་པ་དང་། མི་འབོར་དབུལ་པོ་དང་དབུལ་པོ་ཐོན་ཚད་མངོན་གསལ་དོད་པོས་ཆག་ནས་2014ལོའི་ལོ་མཇུག་ཏུ་སླེབས་སྐབས་དབུལ་པོ་ཐོན་ཚད་དེ་49.62%ནས་32.95%བར་ཆག་པ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ། ཁོར་ཡུག་སུང་སྐྱོང་བཅས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པར་བརྟེན་མང་ཚོགས་དབུལ་པོ་ཁྲི་10ལྷག་ཙམ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་དང་། ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་99.7%དང་98.28%ཟིན་པ། ཞིང་འབྲོག་མང་ཚོགས་ཁྲི་60ལྷག་ཙམ་གྱི་འཐུང་ཆུའི་གནད་དོན་གཞི་རྩའི་ཐོག་ནས་ཐག་གཅོད་ཐུབ་པ་བཅས་བྱུང་ཡོད་པ་རེད།