དབུ་ཤོག
  • ཉིན་ལྟར་ཆུ་འཐུང་བའི་དུས་ཚོད་ཡག་ཤོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-20

    ད་ཆ་མི་མང་པོས་ཆུ་འཐུང་དགོས་པའི་ཕན་ཡོན་ཤེས་ཀྱང་། ཆུ་ག་དུས་འཐུང་ན་ནུས་པ་གང་ལེགས་ཐོན་ཐུབ་མིན་ཤེས་མཁན་ཧ་ཅང་ཉུང་། རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་པར་གཞིགས་ན། ཆུ་འཐུང་བའི་དུས་ཚོད་མི་འདྲ་བར་ཕན་ནུས་ཀྱང་མི་འདྲ་བ་ཐོན་ཐུབ་ཀྱི་ཡོད་པ་རེད།

    ཐོ་རེངས་ཆུ་ཚོད་6∶30ལ་ཆུ་ཕོར་གང་འཐུང་ན། དུག་ཕྱིར་འབུད་དང་མཛེས་བཟོ་ལ་ཕན།

    ཞོགས་པ་ཆུ་ཚོད་8∶30ལ་ཆུ་ཕོར་གང་འཐུང་ན། འཕྲོད་སྦྱོར་བདེ་ཐང་ལ་ཕན་ནུས་ཆེ།

    སྔ་དྲོ་ཆུ་ཚོད་11∶30ལ་ཆུ་ཕོར་གང་འཐུང་ན། ངལ་དུབ་སེལ་ཐུབ་ལ་ལུས་པོ་ལྷོད་པོར་འགྱུར།

    ཉིན་དགུང་ཆུ་ཚོད་12∶50ལ་ཆུ་ཕོར་གང་འཐུང་ན། སེམས་པ་ཞི་ལྷོད་ཡོང་བ་དང་ཤ་སྐམ་དུ་འགྲོ་རྒྱུར་ནུས་པ་ཐོན་ཐུབ།

    ཕྱི་དྲོ་ཆུ་ཚོད་3པར་ཆུ་ཕོར་གང་འཐུང་ན། ཉོབ་མདངས་སེལ་ལ་རིག་པ་གསལ་དུ་འགྲོ་རྒྱུར་ཕན།

    ཕྱི་དྲོ་ཆུ་ཚོད་5∶30ལ་ཆུ་ཕོར་གང་འཐུང་ན། འཇུ་བྱེད་མ་ལག་དང་ཟས་བཅུད་ལེན་ལ་ཕན།

    དགོང་དྲོ་ཆུ་ཚོད་10པར་ཆུ་ཕོར་གང་འཐུང་ན། དུག་སེལ་བྱེད་ཐུབ་ལ། ལྷག་པར་སྙིང་ནད་གསོ་བར་ཕན་པ་ཆེ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།