དབུ་ཤོག>གསར་འགྱུར།
  • རི་གྲོང་གི་སློབ་གསོའི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྤེན་སྒྲོན།   |     སྤེལ་དུས།  2015-10-20
      “ལོ་བརྒྱའི་ཇུས་ཆེན་དེ་སློབ་གསོར་ཐུག་ཡོད”ཞེས་པ་ལྟར་སློབ་གསོ་ནི་མི་རིགས་ཤིག་གམ་རྒྱལ་ཁབ་གཅིག་གི་མ་འོངས་འཕེལ་རྒྱས་ཀྱི་འགག་རྩ་དེ་ཡིན།  སློབ་གསོའི་བྱ་གཞག་ལས་མི་རིགས་དང་རྒྱལ་ཁབ་དེའི་དཔལ་འབྱོར་དང་ཚན་རྩལ་གྱི་འཕེལ་རྒྱས་མཐོང་ཐུབ་ལ། བསམ་བློ་དང་མིག་རྒྱང་ཡང་མཐོང་ཐུབ།

    བོད་མི་རིགས་འདི་ཉིད་ནི་གནའ་སྔ་མོ་ནས་སློབ་གསོར་མཐོང་ཆེན་དང་བཤེས་གཉེན་ལ་གུས་བཀུར་ཆེ་བའི་མི་རིགས་ཤིག་ཡིན་ཞིང་།  དེང་དུས་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་བོད་ཁུལ་གྱི་སློབ་གསོའི་བྱ་གཞག་དེ་ཆུང་ས་ནས་ཆེ་ས་བར།  ཉུང་བ་ནས་མང་བའི་བར།  རྐྱང་མ་ནས་ཕྱོགས་བསྡུས་བར།  གྲོང་ཁྱེར་ནས་གྲོང་གསེབ་བར་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད།   དེ་དག་ལས་རི་གྲོང་གི་སློབ་གསོའི་འཕེལ་རྒྱས་ནི་མངོན་གསལ་དོད་ཤོས་དང་གྲུབ་འབྲས་ཆེ་ཤོས་ཐོབ་པ་ཞིག་རེད།  དེ་སྔོན་ང་ཚོས་རྒྱས་སྤྲོས་དུ་འཛིན་པའི་ཐོག་རྩེགས་ཅན་གྱི་སློབ་ཁང་དང་། དཀར་ཆ་དོད་པའི་ཉལ་ཁང། འཚོ་བཅུད་ལྡན་པའི་ཟས་རིགས། འཐུས་སྒོ་ཚང་པའི་ཡིག་ཆས། བདེ་ཞིང་མཛེས་པའི་སློབ་གོས་སོགས་ནི་དེང་སྐབས་ཞིང་གྲོང་སློབ་གྲྭའི་ཆེས་རྨང་གཞིའི་ཆ་རྐྱེན་ཞིག་ཏུ་འགྱུར་ཡོདཅིང་། དེ་སྔོན་ཕ་མ་དང་མཉམ་དུ་ཞིང་ལས་བྱེད་པར་འགྲོ་མཁན་གྱི་ཕྲུ་གུ་དང་། རྟ་ནོར་ལུག་གསུམ་རྗེས་སུ་འགྲོ་མཁན་གྱི་རྫི་བོ། གསང་ལམ་ནང་ཐལ་རྩེད་རྩེད་མཁན་གྱི་བྱིས་པ་རྣམས་ད་ཆ་བུ་བཅོལ་ཁང་སོགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་བསྐྱོད་ནས་རངལ་དགོས་པའི་ཤེས་བྱར་བརྩོན་བཞིན་མཆིས།   འོས་འགན་སློབ་གསོའི་སྲིད་ཇུས་བཟང་པོའི་འོག་ཕྲུ་གུ་ཚང་མར་སློབ་ཆུང་ནས་སློབ་འབྲིང། སློབ་འབྲིང་ནས་མཐོ་འབྲིང་། མཐོ་འབྲིང་ནས་སློབ་ཆེན། ཐ་ན་ཞིབ་འཇུག་སློབ་མར་བསྐྱོད་དེ་རང་རང་གི་ཤོག་རྩལ་ངོམས་པའི་གོ་སྐབས་བཟང་པོ་ཐོབ་པ་མ་ཟད་ཁོང་ཚོས་རང་ལ་དགོས་པའི་ཤེས་བྱར་བརྩོན་ནས་ཕ་ཡུལ་འཛུགས་སྐྲུན་ཐད་རང་ནུས་ཡོད་རྒུ་འདོན་པ་མཐོང་སྐབས་སློབ་གསོའི་རིན་ཐང་དེ་ངོ་མ་རླབས་ཆེ་བ་ཞིག་ཡིན་པ་ངོས་འཛིན་ཐུབ་བྱུང་ལ་མེས་རྒྱལ་དང་བོད་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པའང་མིག་ལམ་དུ་འཆར་བྱུང་།

    ཕྱི་རབས་པ་ཚོ་ནི་མེས་རྒྱལ་དང་མི་རིགས་ཀྱི་བདག་པོ་ཡིན་ཞིང་། སློབ་གསོ་ནི་ཕྱི་རབས་པ་ཚོས་མེས་རྒྱལ་དང་མི་རིགས་འཕེལ་རྒྱས་གཏོང་པའི་མཚོན་ཆ་ལྟ་བུ་ཡིན་པས་སློབ་གསོ་གོང་འཕེལ་གཏོང་རྒྱུ་ནི་དེང་སྐབས་སྤྱི་ཚོགས་ཀྱི་གལ་ཆེའི་ལས་འགན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།