དབུ་ཤོག>གསར་འགྱུར།
  • མཉམ་འབྲེལ་ཁྲིམས་འཛིན་བྱས་ཏེ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-20

    ཉེ་ཆར་གྲ་ནང་རྫོང་གི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་མི་སྣས་རྫོང་ཡུལ་སྐོར་ཅུས་དང་འཕྲོད་བསྟེན་ལྟ་སྐུལ་སུའོ་ཡི་ཁྲིམས་འཛིན་མི་སྣ་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བཟའ་བཏུང་ཚན་པ་ཁག་ལ་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ཆེད་དོན་ཞིབ་བཤེར་བྱེད་ཁོངས་གཙོ་བོ་ནི་རྫོང་རིམ་པ་ཡན་གྱི་དགོན་པའི་ཟ་ཁང་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཉེ་འཁོར་དང་གཙོ་བོ་ཡུལ་སྐོར་བར་ཞབས་ཞུ་བྱེད་པའི་བཟའ་བཏུང་ཞབས་ཞུ་ཚན་པ་ཡིན་ཞིང་། ཞིབ་བཤེར་བྱས་པ་བརྒྱུད། བཟའ་བཏུང་ཚན་པ་ཁག་གི་འཕྲོད་བསྟེན་གནས་ཚུལ་གཞི་རྩའི་ཆ་ནས་ཡག་པོ་ཡོད་པ་དང་། དོ་དམ་ལམ་ལུགས་ཁག་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་བ། བཟའ་བཏུང་ཞབས་ཞུའི་ཆོག་འཐུས་ལག་ཁྱེར་དང་ལས་མིའི་བདེ་ཐང་ལག་ཁྱེར་ཆ་ཚང་པོ་ཡོད། འོན་ཀྱང་བཟའ་རིགས་ཁག་དབྱེ་བ་ཕྱེ་ནས་བཞག་མེད་པ་དང་། ཚན་པ་ཁ་ཤས་ཀྱི་ལས་མིས་ལས་གོས་གྱོན་མེད་པ། བཟའ་བཏུང་ཚན་པ་ཁ་ཤས་ཀྱི་ལས་མིའི་བདེ་ཐང་ལག་ཁྱེར་དུས་བཀག་ལས་ཡོལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཁྲིམས་འཛིན་མི་སྣས་འབྲེལ་ཡོད་ཚན་པར་འཕྲལ་དུ་ཡོ་བསྲང་བྱ་དགོས་པའི་བཀའ་བཏང་བ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་ནང་ཁྲིམས་འཛིན་མི་སྣ་མི་ཐེངས་5དང་རླངས་འཁོར་1བཏང་ནས་བཟའ་བཏུང་ཞབས་ཞུའི་ཚན་པ་145ལ་ཞིབ་བཤེར་བྱས་པ་དང་སྒོར་1150རི་བའི་དུས་བཀག་ལས་ཡོལ་བ་དང་རུལ་བའི་བཟའ་བཅའ་རིགས་18གཞུང་བཞེས་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།