དབུ་ཤོག>གསར་འགྱུར།
  • བོད་ཀྱིས་འགན་ལེན་ལྔའི་དུད་ཚང་ལ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-20

    ཚེས་15དང་16ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རུ་སྣེ་འཁྲིད་པའི་རྟོག་ཞིབ་ཚོགས་ཆུང་སྔ་རྗེས་སུ་ལྷོ་ཁ་ས་ཁུལ་དང་ལྷ་ས་གྲོང་ཁྱེར་གྱི་འགན་ལེན་ལྔའི་དུད་ཚང་གི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་སྒྲིག་གཞིར་ཕེབས་ཏེ་རྟོག་ཞིབ་གནང་བ་རེད། དེ་ཉིན་ཕྱི་དྲོ་ལྷ་སར་ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་དུད་ཚང་ལ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས“གཅིག་སྡུད་གཉིས”ཀྱི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་ས་ཁུལ(གྲོང་ཁྱེར)ཁག་དང་སྤེལ་རེས་བྱས་ཏེ་ཐུན་མོང་ཐོག“གཅིག་སྡུད་གཉིས”ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་རྒྱུར་སྐུལ་མ་བཏང་བ་རེད།

    ཚོགས་འདུའི་ཐོག་ས་ཁུལ(གྲོང་ཁྱེར)ཁག་དང་ལྗོངས་ཐད་གཏོགས་འབྲེལ་ཡོད་ཚན་པ་ཁག་ལ་དུས་བབ་ཤེས་རྟོགས་ཀྱིས“གཅིག་སྡུད་གཉིས”ཀྱི་ལས་ཀའི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་དང་། འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་ནས་ཐབས་བརྒྱ་ཇུས་སྟོང་དང་བྱ་ཐབས་མང་པོ་མཉམ་སྤྱོད་ཀྱིས“གཅིག་སྡུད་གཉིས”ཀྱི་ལས་དོན་ཏན་ཏིག་སྤེལ་རྒྱུར་སྐུལ་མ་གཏོང་བ་དང་ལས་འགན་གྱི་དམིགས་ཚད་བདེ་བླག་ངང་སྒྲུབ་ཐུབ་པ། མཐའ་མའི་གདོང་མཆོང་གི་དུས་སུ་མཐུན་སྒྲིལ་བསམ་པ་གཅིག་མཐུན་དང་འབད་འཐབ་ཧུར་ཐག་བྱས་ཏེ་དམངས་ཕན་གྱི“དོན་དངོས་བཅུའི”གྲས་ཤིག་ཡིན་པའི་ལས་དོན་དེ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་གནང་བའི་ཁས་ལེན་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།