དབུ་ཤོག
  • སྤྱི་སྤྱོད་རླངས་འཁོར་ནང་རྐུ་རྒྱག་མཁན་ཚོགས་པ་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-16

    QQ截图201510161551157777.jpg

    (1)དྲན་སྐུལ།

    ལྷ་སར་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་ཤར་བ་ནས་བཟུང་ལྷ་ས་གྲོང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་ནང་རྐུ་རྒྱག་གྱོད་གཞི་ཡང་ཡང་ཐོན་ཞིང་།མི་སེར་གྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད།  ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་མཐེབ་དྲས་རྒོལ་རྡུང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཟླ་ཕྱེད་ལྷག་ཙམ་རིང་དཔང་རྟགས་འཚོལ་བ་དང་།  རྗེས་འདེད་གཏོང་བ།  ས་ཆ་དངོས་སུ་ཞིབ་འཇུག་བཅས་བྱས་པ་བརྒྱུད་ཟླ་9ཚེས་24དང་25ཉིན་མི་9ལས་གྲུབ་པའི་ཚོགས་པ་ཞིག་གིས་སྤྱི་སྤྱོད་རླངས་འཁོར་ནང་རྐུ་རྒྱག་པའི་གྱོད་གཞི་རྩད་ཆོད་པ་རེད།  གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་མཐེབ་དྲས་རྒོལ་རྡུང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་གྲོང་མིར། རྐུ་མས་ཆེད་མངགས་འཚང་ཁ་ཆེ་བའི་སྤྱི་སྤྱོད་རླངས་འཁོར་བདམས་ཏེ་རྐུ་རྒྱག་གི་ཡོད་པས་རླངས་འཁོར་ནང་འཛུལ་སྐབས་རྩ་ཆེའི་རྒྱུ་དངོས་ཉེ་འགྲམ་དུ་ཉར་དགོས་པའི་ཤ་ཚའི་དྲན་སྐུལ་བྱས། 

    (2)མི་4ལས་གྲུབ་པའི་ཚོགས་པ་ཞིག་གིས་སྤྱི་སྤྱོད་རླངས་འཁོར་ནང་རྐུ་ཐེངས་མང་བརྒྱབ་པས་ཉེས་དོན་བཀག་ཉར་བྱས། 

    ཟླ་9ཚེས་14ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་གླིང་ཕྲན་གཉིས་ཀྱི་མངགས་གཏོང་ཁང་གིས་རྩད་ཆོད་པའི་མི་4ལས་གྲུབ་པའི་ཚོགས་པ་ཞིག་གིས་སྤྱི་སྤྱོད་རླངས་འཁོར་ནང་རྐུ་བརྒྱབ་པའི་གྱོད་གཞི་ཞིག་འབྱོར། འདི་ལོའི་ཟླ་9ཚེས་7ཉིན་ནས་བཟུང་མི་4ལས་གྲུབ་པའི་ཚོགས་པ་དེས་ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཨང་16དང་།20 25བཅས་ནང་དུ་མི་གཅིག་གིས་བཀོད་འདོམས་དང་། གཅིག་གིས་འགེབས་སྲུང་། མི་གཉིས་ཀྱིས་རྐུ་རྒྱག་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་རྒྱུ་དངོས་ལག་ཏུ་རག་མ་ཐག་ལམ་སེང་བྲོས་པ་དང་མི་གཞན་དེས་རྐུ་རྒྱག་མཁན་གཉིས་པོ་འགེབས་པའི་བྱེད་ཐབས་སྤྱད་ནས་སྔ་རྗེས་སུ་དངུལ་ཁུག་7དང་དངུལ་སྨར་སྒོར་35200ལྷག་ཙམ་དང་། གསེར་གྱི་ཨ་ལོང་ཆ་3གསེར་གྱི་མཛུབ་དཀྲིས་1བྱུ་རུ་3དང་དེ་བཞིན་ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་གཱ་སོགས་དངོས་པོ་བརྐུས་པ་དེ་དག་རིན་ཐང་བསྡོམས་འབོར་སྒོར་48500ལྷག་ཙམ་ཟིན་པ་དང་ད་ཆ་སྒོར་3000ཚུར་རག་ཡོད། 

    མིག་སྔར་དེའི་ཁྲོད་ཀྱི་ཉེས་གསོག་དོགས་ཅན་3ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་།  དོགས་ཅན་པ་གཅིག་ན་སོ་དར་ལ་བབས་མེད་ཁར་བཙན་ཤེད་ཀྱིས་མཐེབ་དྲས་རྒྱག་ཏུ་བཅུག་པ་དང་རང་འགུལ་ངང་སྤྱི་བདེ་ལས་ཁུངས་ལ་ཉེས་གསོག་དོགས་ཅན་གྱི་ཁུངས་སྣེ་མཁོ་འདོན་བྱས་ཏེ་ཉེས་གསོག་གི་དོན་དངོས་རྩིས་སྤྲོད་བྱས་སྟབས་མི་དམངས་ཉེན་རྟོག་པས་ཁོ་པར་སྐྱོན་བརྗོད་སློབ་གསོ་བརྒྱབ་རྗེས་ཁྱིམ་བདག་ལ་རྩིས་སྤྲད། 

    (3)སྤྱི་སྤྱོད་རླངས་འཁོར་ནང་རྐུ་མ་འགོག་པའི་བྱེད་ཐབས་ངོ་སྤྲོད། 

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་མཐེབ་དྲས་རྒོལ་རྡུང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་སྤྱོད་རླངས་འཁོར་ནང་གི་ཚོགས་པའི་རྐུ་རྒྱག་གྱོད་གཞི་དེ་འདི་ལོ་ཚུན་གྱི་གྱོད་གཞི་ཆེ་གྲས་ཤིག་ཡིན་ལ།   ཚོགས་པའི་རྐུ་རྒྱག་གི་གྱོད་གཞི་དང་པོ་དེ་ཡང་ཡིན།“ང་ཚོ་ལྷ་ས་གྲོང་ཁྱེར་ནང་ཁུལ་དུ་རྐུ་རྒྱག་གྱོད་གཞི་མང་པོ་མེད། གཙོ་བོ་དེ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་ཤར་སྐབས་ས་ཆ་གཞན་གྱི་རྐུ་རྒྱག་ཚོགས་པ་མང་པོ་ཞིག་གིས་ཡུལ་སྐོར་བ་མང་བ་དང་བསྟུན་ནས་ལྷ་སར་མཐེབ་དྲས་རྒྱག་པར་ཡོང་གི་ཡོད”ཅེས་མི་དམངས་ཉེན་རྟོག་པས་བཤད། ད་ཕན་ལོ་ཤས་ནང་རྩད་ཆོད་པའི་སྤྱི་སྤྱོད་རླངས་འཁོར་ནང་རྐུ་རྒྱག་པའི་གྱོད་གཞི་བཅོས་སྒྲིག་བྱས་པ་བརྒྱུད་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་མཐེབ་དྲས་རྒོལ་རྡུང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་སྤྱི་སྤྱོད་རླངས་འཁོར་ནང་རྐུ་རྒྱག་གྱོད་གཞི་ཐོན་ཚུལ་དང་ཆོས་ཉིད་ལ་དབྱེ་ཞིབ་བྱས་ཏེ་སྤྱི་སྤྱོད་རླངས་འཁོར་ནང་གི་མཐེབ་དྲས་ལ་རྒོལ་རྡུང་བྱེད་ཐབས་ནུས་ལྡན་ཕྱོགས་སྡོམ་བྱས་པ་སྟེ།  

    1. རླངས་འཁོར་ནང་འཛེགས་སྐབས་རྐུ་མར་དོགས་ཟོན་བྱེད་དགོས་པའི་བྱེད་ཐབས། 

    རླངས་འཁོར་ནང་འཛེགས་སྐབས་རྒྱུ་དངོས་གོས་ཐུང་གི་པ་ཀིར་ནང་བླུགས་རྒྱུ་མེད་པར་སྟོད་གོས་ནང་ངོས་ཀྱི་པ་ཀིར་རམ་ཡང་ན་ལྟོད་ཕད་ནང་བླུགས་ནས་ལྟོད་ཕད་ཀྱི་ཟེར་ཡག་པོ་བརྒྱབ་སྟེ་རང་ཉིད་ཀྱི་མདུན་དུ་འཇོག་དགོས་པ་དང་། རླངས་འཁོར་ནང་འཚང་ཁ་རྒྱག་སྐབས་ཉེ་འགྲམ་མིའི་རྒྱུན་ལྡན་མིན་པའི་སྤྱོད་ཚུལ་ལ་དོགས་ཟོན་བྱེད་དགོས། རླངས་འཁོར་ཐོག་ཁུངས་སྣེའམ་ཡང་ན་རྐུ་རྒྱག་པ་མཐོང་ཚེ་ཁ་ལོ་བར་རླངས་འཁོར་གྱི་སྒོ་ཡག་པོ་རྒྱག་དགོས་པའི་བརྡ་ཐོ་གཏོང་དགོས་པ་དང་འབྲེལ་དུས་ཐོག་ཏུ་ཉེན་རྟོག་པར་ཞུ་དགོས། 

    2. ལག་ཐོགས་ཁ་པར་རྐུ་མ་སྔོན་འགོག་བྱེད་ཐབས། 

    སྤུས་ཀ་ལེགས་པའི་ལག་ཐོགས་ཁ་པར་གྱི་ཤུབས་འདེམས་དགོས། རླངས་འཁོར་འཛེགས་སྐབས་དང་འཚང་ཁ་ཆེ་བའི་ས་ཆར་སྐེད་པར་གཟེར་བའི་ལག་ཐོགས་ཁ་པར་མདུན་དུ་འཇོག་དགོས། གལ་སྲིད་ལག་ཐོགས་ཁ་པར་ལྟོད་ཕད་ནང་བླུགས་ཡོད་ཚེ་ལྟོད་ཕད་དམ་པོ་བཟུང་བ་དང་འབྲེལ་རང་ཉིད་ཀྱི་མཐོང་སར་འཇོག་དགོས། གལ་སྲིད་ཕྱི་གོས་ཀྱི་པ་ཀིར་ནང་བླུགས་ཡོད་ཚེ་ལག་པས་ལག་ཐོགས་ཁ་པར་དམ་པོར་བཟུང་དགོས། ལག་ཐོགས་ཁ་པར་གོས་ཐུང་གི་པ་ཀིར་ནང་བླུགས་རྒྱུ་མེད། ལག་ཐོགས་ཁ་པར་མཇིང་པར་འདོགས་མཁན་ཚོས་འཚང་ཁ་ཆེ་བའི་དུས་སུ་ལག་ཐོགས་ཁ་པར་ལ་དོ་སྣང་བྱས་ནས་རྐུ་མས་གྲི་ཆུང་སོགས་ཀྱིས་ཐག་པ་བཅད་རྒྱུར་སྔོན་འགོག་བྱེད་དགོས།   

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།