དབུ་ཤོག>གསར་འགྱུར།
  • གོང་དཀར་རྫོང་གིས་ནགས་སྲུང་བར་ལས་ཀར་མ་ཞུགས་གོང་གི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-16

     སྣོད་བཅུད་ནགས་སྲུང་བ་རང་ངོས་ཀྱི་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་ཆེད།  ཉེ་ཆར། གོང་དཀར་རྫོང་གིས་རྫོང་ཡོངས་ཀྱི་ཤང﹙གྲོང་རྡལ﹚8དང་རང་བྱུང་སྲིད་འཛིན་གྲོང་ཚོ་ཁྱོན43གྱི་ནགས་སྲུང་པ་297ལ་ལས་ཀར་མ་ཞུགས་གོང་གི་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་ཚོགས་འདུའི་ཐོག་གོང་དཀར་རྫོང་ནགས་ལས་ཅུས་ཀྱི་འབྲེལ་ཡོད་མི་སྣས་ནགས་སྲུང་བ་ཚད་ལྡན་ཞིག་ཇི་ལྟར་བྱ་དགོས་པ་དང་། ནགས་སྲུང་གི་བསྲུང་བྱ། ཤིང་འབུའི་གནོད་འཚེ་འགོག་བཅོས་ཀྱི་ཤེས་བྱ། ནགས་ཚལ་མེ་ཟོན་ཤེས་བྱ།སྤྱི་ཕན་ནགས་ཚལ་གྱི་གྱོད་དོན་བརྟག་དཔྱད། ནགས་སྲུང་བའི་འགན་འཁྲི་སོགས་ལ་དོན་ཟབ་ཚིག་གསལ་གྱི་འཆད་འཁྲིད་བྱས་པ་རེད། དེང་གི་ནགས་ལས་དུས་བབ་ལ་གཞིགས་ནས། སྡེ་ཚན་དེའི་འགན་འཁུར་མི་སྣས་ནགས་སྲུང་བར་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཀྱི་སྐོར་བརྡ་ཁྱབ་བཏང་བ་དང་ནགས་སྲུང་པ་ཁག་དང་ཤང་སྲིད་གཞུང་དབར《གཙོ་གནད་སྤྱི་ཕན་ནགས་ཚལ་གྱི་དོ་དམ་དང་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེA》དང་དེ་བཞིན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཁག་དང《གཙོ་གནད་སྤྱི་ཕན་ནགས་ཚལ་དོ་དམ་དང་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེB》ལ་མིང་རྟགས་བཀོད་པ་རེད།

    གསོ་སྦྱོང་ལ་ཞུགས་མཁན་ནགས་སྲུང་བ་ཚོས་ད་རེས་ཀྱི་གསོ་སྦྱོང་གོ་སྐབས་ལ་དེ་བས་གཅེས་འཛིན་བྱས་ནས་སློབ་སྦྱོང་ནན་ཏན་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་སྣོད་བཅུད་ཕན་འབྲས་ཀྱི་ནགས་སྲུང་བའི་དོ་དམ་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་རྒྱུ་ཡིན་ཞེས་བཤད། འཕྲེང་འགོ་ཤང་གི་ནགས་སྲུང་བ་བཀྲ་ཤིས་ཀྱིས་“ང་ཚོས་རང་བྱུང་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། ད་རེས་ཀྱི་གསོ་སྦྱོང་ནང་སྦྱངས་པའི་ཤེས་བྱ་དག་གིས་ཕྱིས་འབྱུང་ལས་ཀའི་ཁྲོད་སྐུལ་འདེད་ནུས་པ་གལ་ཆེན་ཐོན་རྒྱུ་རེད”ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གསོ་སྦྱོང་དེས་རྫོང་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་དང་སྣོད་བཅུད་བཟང་བའི་རྫོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།