དབུ་ཤོག>གསར་འགྱུར།
  • སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཀྲང་ཆིས།   |     སྤེལ་དུས།  2015-10-16

    ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཡོངས་ཀྱི་འཐབ་ནུས་རྨང་གཞི་ཡིན་ལ། གྲོང་ཚོའི(གྲོང་ལྷན)དཔལ་འབྱོར་དར་རྒྱས་གཏོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་བཅས་ལ་འགོ་ཁྲིད་མཁན་གཙོ་བོ་དེའང་ཡིན།

    དུས་བབ་གསར་པའི་འོག་སྡེ་ཁུལ་གྱི་སྤྱི་ཚོགས་འགལ་བ་སྣ་ཚོགས་མངོན་གསལ་དོད་དུ་སོང་བ་དང་གྲོང་མི་མང་ཚོགས་ཀྱི་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བའི་བསམ་བློ་རིག་གནས་ཀྱི་དགོས་མཁོའི་མདུན་དུ་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་ལས་ཀའི་ལམ་སྲོལ་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་བ། གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་དམངས་ཕན་དམངས་གཅེས་དམངས་ཆེད་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྡེ་ཁུལ་ལས་བྱེད་གསོ་སྦྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྡེ་ཁུལ་ལས་དོན་ལམ་སྲོལ་མཐུན་སྦྱོར་ཡོང་བ་བཅས་བྱས་ཏེ་དམངས་གཙོ་ཁྲིམས་སྐྱོང་ཞི་མཐུན་གྱི་སྡེ་ཁུལ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

    གཅིག་ནས་ཞབས་ཞུའི་འདུ་ཤེས་ཆགས་པ་བྱས་ནས་གྲོང་མིའི་ཤེས་དཔལ་གྱི་བྱང་ཚད་དང་སྡེ་ཁུལ་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། ཏང་དང་མང་ཚོགས་ཀྱིས་མཉམ་དུ་གཏོད་པ། དབུལ་པོ་དང་དཀའ་ངལ་ཡོད་མཁན་ལ་རོགས་རམ་བྱེད་པ། རང་ཉིད་ལ་སློབ་གསོ་གཏོང་བ། ཞི་མཐུན་ཁུལ་ཆུང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་དགོས།

    གཉིས་ནས་བསམ་བློའི་ཐོག་སྡེ་ཁུལ་གྲོང་མི་དང་སྡེ་ཁུལ་བཅའ་སྡོད་ཚན་པ་མཉམ་ཞུགས་དང་རང་སྐྱོང་གི་འདུ་ཤེས་ཆགས་པ་བྱེད་དགོས་ཤིང་། སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་རྣམ་པ་སྣ་ཚོགས་ཐོག་ནས་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་སྡེ་ཁུལ་གྲོང་མི་དང་སྡེ་ཁུལ་བཅའ་སྡོད་ཚན་པའི་སྡེ་ཁུལ་གྱི་མོས་སེམས་དང་གཏོགས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་ཁོང་ཚོ་སྡེ་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྐྱོང་རྒྱུའི་སྐུལ་མ་བཏང་ནས“སྡེ་ཁུལ་རང་ཁྱིམ་ལྟ་བུ་རེད། འཛུགས་སྐྲུན་ཀུན་དང་བྲལ་ཐབས་མེད”ཅེས་པ་སྡེ་ཁུལ་གྱི་གྲོང་མི་མི་རེ་ངོ་རེའི་བྱ་སྤྱོད་ནང་དངོས་འབྲེལ་དོན་འཁྱོལ་ཐུབ་པ་བྱེད་དགོས།

    གསུམ་ནས་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། སྡེ་ཁུལ་གྱི་ཏང་ཨུད་ཚན་ཁག་ནི་སྡེ་ཁུལ་གྱི་སྲོག་ཤིང་ལས་དོན་ལ་སྣེ་ཁྲིད་བྱེད་པའི་སྲོག་ཤིང་ཡིན་པས། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ་དང་ཕུགས་བསམ་དང་དམིགས་ཚད་ཡོད་པ་བྱེད་དགོས། ལས་ཀར་འགན་ནན་པོ་འཁུར་ནས་ལེགས་སྐྱེས་འབུལ་ཕོད་པ་དང་། སྤྱོད་གཙང་གཞུང་ཞབས་བྱེད་པ། སྒེར་དོན་མི་སྒྲུབ་པ་བཅས་བྱས་ཏེ་སྡེ་ཁུལ་ཏང་ཡོན་དཔུང་ཁག་གི་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    བཞི་ནས་སྡེ་ཁུལ་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་ཏན་ཏིག་ནུས་ལྡན་ངང་དམ་འཛིན་བྱས་ཏེ་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ནན་དུ་གཏོང་དགོས་ཤིང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་ཏང་ཡོན་ལ་དམངས་གཙོའི་གྲོས་བསྡུར་བྱེད་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་སྡེ་ཁུལ་དྲ་བ་སོགས་ཀྱི་སྟེགས་བུ་བརྒྱུད་ནས་དུས་གཏན་འཁེལ་ངང་ཏང་ཡོན་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་བྱེད་པ་དང་། མཉམ་སྡེབ་བྱེད་སྒོ་སྤེལ་བ། ཏང་ཡོན་ལ་ཏང་ཡོན་གྱི་འདུ་ཤེས་དང་། ཏང་གི་བྱེད་ཕྱོགས་སྲིད་ཇུས། རུལ་རྒོལ་གཙང་སྤེལ་བཅས་ཀྱི་སློབ་གསོ་གཏོང་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་བྱས་ཏེ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་དགོས། དུས་མཚུངས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཏང་རྩ་འཛུགས་ཀྱི་གསར་འཛུགས་ནུས་པ་ཆེ་རུ་གཏོང་བ་དང་སྡེ་ཁུལ་ཏང་འཛུགས་སྐྱོང་གི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།