དབུ་ཤོག>གསར་འགྱུར།
  • བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ མའོ་ན་ཡིས།   |     སྤེལ་དུས།  2015-10-16

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་དུ་བུད་མེད་དང་བྱིས་པའི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་བྱེད་ཐབས་འགན་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་སྦྲུམ་མ་འཆི་ཚད་དང་ཕྲུ་གུ་དམར་འབྱར་དང་ལོ་ལྔ་མན་གྱི་བྱིས་པ་འཆི་ཚད་སོགས་ཀྱི་གནས་ཚུལ་ཉུང་དུ་ཕྱིན་ཡོད། འོན་ཀྱང་དམིགས་བསལ་གྱི་རང་བྱུང་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་རང་ལྗོངས་ཀྱི་སྦྲུམ་མ་འཆི་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་ཙམ་ཡོད་པས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་འགན་བཅོལ་ལ་ཤུགས་སྣོན་རྒྱག་དགོས།

    དང་ཐོག་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཤང་གྲོང་དང་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། བུད་མེད་དང་བྱིས་པའི་འཕྲོད་སྦྱོར་ཆེད་ལས་སྒྲིག་གཞི་ལྟེ་བར་བྱེད་པ། ཕྱོགས་བསྡུས་སྨན་བཅོས་སྒྲིག་གཞི་དང་འབྲེལ་ཡོད་ཚན་ཞིབ་སློབ་ཁྲིད་སྒྲིག་གཞིས་ལག་རྩལ་ཁ་གསབ་བྱེད་པ་བཅས་ཀྱི་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། བུད་མེད་དང་བྱིས་པའི་འཕྲོད་སྦྱོར་སྒྲིག་གཞིས་ངེས་པར་དུ་འཕྲོད་སྦྱོར་གྱིས་ལྟེ་བ་བྱེད་པ་དང་འཕྲོད་སྦྱོར་དང་ནད་རྟགས་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཚོགས་སྤྱིའི་འཕྲོད་སྦྱོར་ལས་དོན་གྱིས་རྨང་གཞི་བྱེད་པ། གཞི་རིམ་ལ་ཕྱོགས་པ། སྔོན་འགོག་གཙོ་བོར་བཟུང་བ། ཁྲིམས་ལྟར་བུད་མེད་དང་བྱིས་པར་བདེ་ཐང་སློབ་གསོ་དང་། སྔོན་འགོག་འཕྲོད་སྦྱོར། བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཆ་འཕྲིན་དོ་དམ་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བཅས་བྱས་ཏེ་བུད་མེད་དང་བྱིས་པའི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པའི་གཞི་རྩའི་སྨན་བཅོས་ཞབས་ཞུ་འོས་འཚམ་ངང་སྤེལ་དགོས།

    ཞིང་འབྲོག་ཁུལ་གྱི་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ལས་དོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ཏེ་བུད་མེད་དང་བྱིས་པའི་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྲོང་གསེབ་གསར་པའི་འཛུགས་སྐྲུན་འཆར་འགོད་ནང་འཇོག་པ་དང་བུད་མེད་དང་བྱིས་པའི་འཕྲོད་སྦྱོར་སྒྲིག་གཞི་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་འཆར་འགོད་ནང་བཞག་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་སྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས།

    བུད་མེད་དང་བྱིས་པའི་འཕྲོད་བསྟེན་གྱི་ཤེས་ལྡན་པ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ལྗོངས་ཕྱི་ནང་གི་མཐོ་རིམ་སློབ་གྲྭའི་རིག་ཚན་འཛུགས་རྒྱུ་དང་ཤེས་ལྡན་པ་གསོ་སྐྱོང་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་ཆབས་ཅིག་ཞིང་འབྲོག་ཁུལ་གྱི་ད་ཡོད་འཕྲོད་བསྟེན་ཤེས་ལྡན་པ་གསོ་སྦྱོང་བྱེད་པའི་ནང་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་ལས་གནས་གསོ་སྦྱོང་བྱས་ཏེ་ཤེས་བྱའི་རྩལ་ནུས་རྒྱུན་ཆད་མེད་པར་གསར་བརྗེས་དང་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།