དབུ་ཤོག>གསར་འགྱུར།
  • ལྷ་སར་དེ་རིང་ནས་འཁོར་བྱང་བསྒར་བའི་སྦག་སྦག་འཚོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-14

    News620151013P03743CYU.jpg

    ཁ་ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ནས་ཤེས་རྟོགས་བྱས་པར། སྦག་སྦག་གི་དོ་དམ་ལ་སྔར་བས་ཤུགས་བརྒྱབ་ནས་གྲོང་གསེབ(ཞིང་འབྲོག)ས་ཁུལ་གྱི་སྦག་སྦག་ལ་འཁོར་བྱང་མེད་པ་དང་ལག་ཁྱེར་མེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་དང་། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་ནུས་ལྡན་དང་ཉུང་དུ་གཏོང་ཆེད།  ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས་གོང་རིམ་གྱི་འབྲེལ་ཡོད་བརྡ་ཐོ་དང་གཏན་འབེབས་གཞིར་བཟུང། དེ་རིང་ནས་བཟུང་འཁོར་བྱང་ཡོད་པའི་སྦག་སྦག་བྲིན་ཚོང་དཔེ་སྟོན་ས་ཚིགས་འཛུགས་རྒྱུ་ཡིན་ཞིང་། བྱེད་ཐབས་དེས་སྦག་སྦག་གི་ཐོ་འགོད་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་གང་ཐུབ་བྱས་ཡོད་པས། དམངས་ཕན་བྱེད་ཐབསཧ་ཅང་ནུས་ལྡན་ཞིག་རེད། 

    དྲན་སྐུལ། 

    འཁོར་བྱང་ཡོད་པའི་སྦག་སྦག་བྲིན་ཚོང་ས་ཚིགས་དེ་གླིང་སྐོར་ནུབ་ལམ་དུ་ཡོད་པས། ཡུལ་མིས་ཉོ་སྒྲུབ་བྱེད་སྐབས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ཕྱོགས་མིའི་གནས་སྡོད་ལག་ཁྱེར་བསྟན་ན་འགྲིག  འཁོར་བྱང་ཡོད་པའི་སྦག་སྦག་གི་རིན་གོང་དེ་ཁྲོམ་རའི་བྲིན་ཚོང་རིན་གོང་དང་གཅིག་མཚུངས་རེད། འཁོར་བྱང་ཡོད་པའི་སྦག་སྦག་ཉོས་རྗེས་གཏན་འབེབས་གཞིར་བཟུང་། ལོ་བཤེར་དང་བེད་མེད་གཏོང་བའི་ལས་སྒོ་གཉེར་ཏེ།  དུས་འགྱངས་ཞིབ་བཤེར་དང་བེད་མེད་དུ་མ་བཏང་བའི་དབང་གིས་འཁོར་བདག་རང་ཉིད་ལ་རྙོག་གྲ་མ་ཡོང་བ་བྱེད་དགོས།  

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།