དབུ་ཤོག>གསར་འགྱུར།
  • ལྷ་སར་ཟླ་11པའི་ཟླ་དཀྱིལ་ནས་དྲོད་རླངས་མཁོ་འདོན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-14

    News620151013P03744CYU - 副本.jpg

    ཟླ་11ཚེས་15ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་དུས་སུ་སླེབས་པར་བརྟེན། གྲོང་མིས་ཁྱིམ་གྱི་རང་བྱུང་སོལ་རླངས་དྲོད་ཆས་སྤྱོད་དགོས་ཚེ་སྔ་སྣུར་ནས་གྲ་སྒྲིག་གང་ཞིག་བྱེད་དགོས་སམ་ཞེ་ན། ཟླ་10ཚེས་13ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླུང་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། མིག་སྔར་ལྷ་ས་གྲོང་ཁྱེར་དུ་ཡུལ་མིའི་ཁྱིམ་ཚང་ཁྲི་7ལྷག་ཙམ་ལ་འབར་རླུང་དྲོད་ལེན་ཆ་རྐྱེན་ཚང་བ་དང་། ལྷ་ས་གྲོང་ཁྱེར་གྱིས་འདི་ལོའི་ལོ་སྟོད་དུ་རང་བྱུང་སོལ་རླངས་མཁོ་སྤྲོད་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་200%མང་དུ་ཕྱིན་ཡོད་པ་རེད།  འདི་ལོའི་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་དུས་སུ་མ་སླེབས་གོང་ཀུང་སིས་སྔ་སྣུར་དུ་རང་བྱུང་སོལ་རླངས་ས་ཚིགས་དང་མཉམ་དུ་རླུང་ཁུངས་སྦྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ནས་ཁང་པའི་ནང་དུ་དྲོད་རླངས་སྒྲིག་ཆས་སྙོམས་སྒྲིག་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།  སྡེ་ཁུལ་གྱི་ཡུལ་མིའི་རླངས་སྤྱོད་བདེ་འཇགས་འགན་ལེན་བྱ་ཆེད་ཀུང་སིའི་ལས་དོན་མི་སྣས་སྔ་སྣུར་ནས་སྡེ་ཁུལ་དུ་བསྐྱོད་དེ་བདེ་འཇགས་ཞིབ་བཤེར(ལྷག་དོན་དུ་སྤྱོད་མཁན་དུད་ཚང་གི་སྒྲིག་འགལ་ཞིབ་བཤེར་ཐག་གཅོད)དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོས་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།