དབུ་ཤོག>གསར་འགྱུར།
  • མང་ཚོགས་ནི་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་དགེ་རྒན་ཡག་ཤོས་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཕུང་ཆི་ཡིས།   |     སྤེལ་དུས།  2015-10-14

    རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་རྩ་བའི་སྒུལ་ཤུགས་དེ་མང་ཚོགས་ལ་ཐུག་པ་དང་། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་མང་ཚོགས་ཀྱི་འཚོ་བ་ཕྱུག་པོ་ཆགས་རྒྱུར་ཐུག་ཡོད་པ། ཞིང་འབྲོག་ཁུལ་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུག་ཡོད། རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དེ་མང་ཚོགས་ལ་འབྲེལ་བ་བྱེད་པ་དང་། མང་ཚོགས་ལ་ཐུགས་ཁུར་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གོ་སྐབས་བཟང་པོ་ཞིག་རེད། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་བརྩེ་སེམས་འཆང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐུགས་རེ་དང་མངགས་བཅོལ་གལ་ཆེན་བློ་ལ་བཅངས་ཏེ་མང་ཚོགས་ཁྲོད་བསྐྱོད་པ་དང་ཞིང་འབྲོག་ཁུལ་དུ་བསྐྱོད་པས་གཞི་རིམ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲོག་ཤིང་དུ་གྱུར་བ་དང་། མང་ཚོགས་ལ་བརྟན་ལྷིང་ཡོང་བ་དང་། འཕེལ་རྒྱས་བསམས་པ། ཕྱུག་འགྱུར་དོན་གཉེར་བྱེད་པ་བཅས་ཀྱི་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་སྣེ་ཁྲིད་པ་ཡག་པོ་བྱས་ཏེ་ཞིང་འབྲོག་ཁུལ་རྒྱང་རིང་འཕེལ་རྒྱས་ཡོང་ཆེད་རྨང་གཞི་འདིང་བ་དང་། གཞི་རིམ་གྱི་དམངས་འཚོ་ལེགས་སུ་གཏོང་ཆེད་འགན་སྲུང་བྱེད་དགོས་པ། ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་ཆེད་ཐབས་ལམ་འཚོལ་བ་བཅས་བྱས་ནས་ནུས་ཤུགས་གཅིག་གིས་ཚབ་སྒྲུབ་དང་འགན་གཙང་བླངས་ཏེ་སྒྲུབ་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གཅིག་གི་ནུས་ཤུགས་སམ་མང་པོའི་ནུས་ཤུགས་ལ་བརྟེན་ནས་ས་གནས་དེ་གའི་གྲོང་ཚོར་བཅའ་སྡོད་ས་ཚིགས་དུས་ཐུང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་མིན་པར་ཞིང་འབྲོག་མང་ཚོགས་སྣེ་ཁྲིད་དེ་རང་ངོས་དང་མཐའ་འཁོར་ཁོར་ཡུག་གི་ཁྱད་ཆོས་དང་ལེགས་ཆ་གསལ་རྟོགས་བྱས་ནས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་དང་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁོང་ཚོའི་བྱེད་པོའི་གནས་བབ་ལ་བརྩི་འཇོག ཁོང་ཚོའི་བདག་པོའི་འདུ་ཤེས་འདོན་སྤེལ་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་བརྟན་ལྷིང་ཡོང་རྒྱུ་མངོན་འགྱུར་དང་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་བསམ་འདུན་མངོན་འགྱུར་བྱ་རྒྱུ་དེ་ཡིན།

    བརྒྱུད་རིམ་དེ་འདྲའི་ཁྲོད་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ནི་ཁྲིད་སྟོན་པ་ཞིག་ཡིན་ལ་ཞིང་འབྲོག་མང་ཚོགས་ནི་དགེ་རྒན་ཞིག་རེད། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ནི་ཁྲིད་སྟོན་པ་ཞིག་ཡིན་ཏེ་ཏང་གི་ཐུགས་ཁུར་ཞིང་འབྲོག་ཁུལ་གྱི་ཉེ་འགྲམ་དུ་དྲིལ་བསྒྲགས་དང་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་དང་བརྩེ་སེམས་བརྟན་དུ་གཏོང་བ་དང་། མཐོང་རྒྱ་དང་འདུ་ཤེས་ཞིང་འབྲོག་མང་ཚོགས་ཁྲོད་ཁྱབ་སྤེལ་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ནས་ཞིང་འབྲོག་ཁུལ་དུ་དུས་རབས་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་ཆགས་པ་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་དཔོན་ཉམས་མི་སྟོན་པ་དང་བསམ་བློའི་ཁུར་པོ་མི་འཁུར་བར་བརྩེ་སེམས་བཅངས་ནས་མང་ཚོགས་ཀྱི་འགྲམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་མང་ཚོགས་དགེ་རྒན་ལ་དངོས་འབྲེལ་བརྩི་བ་དང་ཞིང་འབྲོག་ཁུལ་སློབ་ཁང་དུ་བརྩིས་ནས་ཁེངས་སྐྱུང་ངང་མང་ཚོགས་ལ་བཀའ་འདྲི་ཞུ་བ་དང་སློབ་སྦྱོང་ཞུས་ཏེ་མང་ཚོགས་ཁྲོད་ནས་སྟོབས་ཤུགས་དང་ཉམས་མྱོང་བསྡུ་ལེན་དང་། ཞིང་འབྲོག་ཁུལ་གྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱེད་པ། ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་དང་ཉེ་བཅར་དང་བློ་སེམས་གཅིག་མཐུན་གྱིས་མང་ཚོགས་ལ་རོགས་རམ་བྱེད་པ་དང་མི་རྩ་བར་འཛིན་པ་དང་དམངས་ཆེད་སྲིད་སྐྱོང་བའི་འཇོན་ཐང་དང་ནུས་པ་སྦྱོང་བརྡར་བྱས་ཏེ་རང་ངོས་ནས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།