དབུ་ཤོག>གསར་འགྱུར།
  • ​ རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བོད་ལྗོངས་ཀྱི་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-13

    ཟླ་10ཚེས་11ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅིན་ཞའོ་ཐའོ་ཡིས་རུ་སྣེ་ཁྲིད་དེ་བོད་ལྗོངས་ཀྱི་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་བརྟག་ཞིབ་བྱས་པ་དང་བོད་ལྗོངས་སོགས་ཞིང་ཆེན(རང་སྐྱོང་ལྗོངས)4ཡི་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་སྙན་ཞུ་ཉན་ནས་གོམ་སྟབས་རྗེས་མའི་སྨན་བཅོས་སྒྱུར་བཅོས་བྱེད་ཕྱོགས་ཐད་བསམ་ཕྱོགས་གསལ་སྟོན་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་བརྟག་ཞིབ་གནང་མཁན་ལ་ཕེབས་རོགས་ཞུས་པ་རེད།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་བརྟག་ཞིབ་ཚོགས་ཆུང་གིས་སྨན་ཁང་སྒྲིག་གཞི་བཀོད་སྒྲིག་དང་། ཚན་ཁག་ཁྱབ་ཚུལ། སྨན་བཅོས་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་ཏེ་སྨན་བཅོས་མ་དངུལ་བཀོལ་སྤྱོད་དང་། བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན། ཤེས་ལྡན་མི་སྣ་གསོ་སྐྱོང་། སྨན་བཅོས་ཞབས་ཞུའི་ཆུ་ཚད་སོགས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་ནད་ཁང་དུ་ནད་པར་ལྟ་བར་བསྐྱོད་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་དེ་རྗེས་བོད་ལྗོངས་ཀྱི་སྨན་བཅོས་སྒྱུར་བཅོས་དང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དོ་དམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རང་ལྗོངས་ཀྱིས་2009ལོར་སྨན་བཅོས་སྒྱུར་བཅོས་ལས་དོན་སྤེལ་འགོ་བཙུགས་པ་ནས་བཟུང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་རྩ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་སོགས་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ཐོག བྱེད་ཐབས་སྤྱད་པ་དང་རང་འགུལ་ངང་ནུས་པ་འདོན་སྤེལ་བྱས་ནས་སྨན་བཅོས་སྒྱུར་བཅོས་ཀྱི་ལེ་ལག་ཆ་ཚང་བའི་སྲིད་ཇུས་བཟོས་པ་དང་འཐུས་ཚང་དུ་བཏང་བར། རང་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།