གཟའ་འཁོར་འདིའི་ནང་ཉིང་ཁྲི་དང་ཧི་མ་ལ་ཡ་ལྷོ་རྒྱུད་དུ་ཆར་ཆུ་འབབ་མང་བ།
གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།(ཟླ་10ཚེས་12ཉིན་ནས་ཟླ་10ཚེས་18ཉིན་བར)
གཟའ་ཟླ་བ་དང་མིག་དམར་ལ་ཉིང་ཁྲིར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ(གངས)འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ལྷག་པ་ནས་པ་སངས་བར་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གནམ་འཐིབ་ནས་ཆར་པ་ཆུང་བ(གངས)འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་མཇུག་ཏུ་ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)སིམ་སིམ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
གཉིས། གྲོས་འགོ
1.དུས་འགོར་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཆར་ཆུ་འབབ་ཉུང་བ་དང་དྲོད་ཚད་མཐོ་བས་གནམ་གཤིས་ཀྱི་མེ་སྐྱོན་རིམ་པ་མཐོ་པོ་ཡོད་སྟབས་ནགས་ཚལ་དང་རྩྭ་རར་མེ་ཟོན་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་འབྲེལ་དགུན་སྒྲོལ་གྱི་གཟན་རྩྭ་ཉོ་སྒྲུབ་དང་གྲབས་གསོག་ལས་དོན་ཡག་པོ་སྒྲུབ་དགོས།
2.ལྷོ་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱགས་པ་ཐེབས་སླ་བས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱིས་ཡིད་གཟབ་བྱེད་དགོས།