ཉེ་ཆར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་ཚོ་རིམ་པའི་རིག་གནས་སྒོ་ར་དང་པོ་སྟེ་སེ་མ་དགྲ་འདུལ་རིག་གནས་སྒོ་ར་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བསམ་གྲུབ་རྩེ་ཆུས་ཀྱིས་2014ལོ་ནས་བཟུང་རིག་གནས་སྒོ་རའི་འཛུགས་སྐྲུན་འཆར་འགོད་བྱས་ཤིང་། ད་ཆ་བསམ་གྲུབ་རྩེ་ཆུས་ཀྱིས་གྲོང་སྡེའི་རིག་གནས་སྒོ་ར་4རྒྱག་བཞིན་ཡོད་པ་དེ་དག་2016ལོའི་ཟླ་10དངོས་སུ་ལེགས་གྲུབ་བྱ་རྒྱུ་ཡིན་པས། དེ་དུས་རིག་གནས་སྒོ་ར་དེ་དག་མང་ཚོགས་ཀྱི“དོན་བསྒྲུབས་པའི་ཡུལ་དང་། དོན་བསྒྲུབས་པའི་གནས། དོན་བསྒྲུབ་པར་འདོད་པའི་ས་ཆ ”བཅས་ཀྱི་གྲོང་ཚོ་རིམ་པའི་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་གྱུར་ཏེ། མང་ཚོགས་རྣམས་ལ“བསྒྲུབ་བྱའི་དོན་གྲུབ་པ་དང་། དོན་མེད་ཀྱང་ཡོང་བར་འདོད་པའི”ཀུན་གྱི་སེམས་པ་གཅིག་ཏུ་འདུ་ཞིང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་ཐེབས་པའི་གནས་གལ་ཆེན་ཞིག་ཆགས་པ་བྱ་རྒྱུ་རེད།