དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་ལྡན་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གཏོད་དགོས།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-12

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་66འཁོར་བའི་སྔ་ཉིན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་13ལ་མཇལ་འཕྲད་གནང་བ་མ་ཟད། ད་དུང་གསུང་བཤད་གལ་ཆེན་ཡང་གནང་ནས་དུས་བབ་གསར་པའི་འོག་གི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་མཛུབ་ཁྲིད་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་གནང་བ་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་ལྡན་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ངེས་པར་དུ་བསམ་བློའི་ངོས་འཛིན་གཅིག་གྱུར་དང་དགོངས་དོན་སྙིང་པོ་ཁོང་དུ་ཆུད་པ་བྱེད་དགོས། བསམ་བློའི་ངོས་འཛིན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་ཁྲིད་གལ་ཆེན་གྱི་དགོངས་དོན་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྙིང་པོ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོར་སྒྲུབ་པའི་རང་རྟོགས་རང་བཞིན་དང་། སྲ་བརྟན་རང་བཞིན། ལས་འགན་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་སྔར་བས་ཟབ་ཏུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་ལྡན་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་བ་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ངེས་པར་དུ་བློ་ཐག་ཆོད་པོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཞིབ་ཕྲའི་ལས་དོན་རེ་རེའི་ནང་དོན་འཁྱོལ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལས་དོན་དེ་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་འཇོག་པ་དང་། ལག་ཏུ་དམ་པོར་འཛིན་པ། སོ་སོའི་ལས་གནས་ཐོག་མངོན་པ། ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སྔོན་སྐྱོད་པ་དང་། སྐུལ་ཁྲིད་པ། ལག་ལེན་པ། དཔེ་སྟོན་པ། སྐུལ་འདེད་པ། སྲུང་སྐྱོང་བ་བཅས་ཧུར་ཐག་བྱེད་དགོས། གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་ཁྲིད་ཅི་ཐུབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་མི་ཚང་མས་དོ་འཁུར་བྱེད་པ་དང་། མི་ཚང་མ་དེའི་ནང་ཞུགས་པ། མི་ཚང་མས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་གོམས་སྲོལ་ཡག་པོ་ཞིག་ཆགས་སུ་འཇུག་དགོས། 

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་འགག་རྩ་ནི་དོན་འཁྱོལ་ལ་ཤུགས་རྒྱག་རྒྱུ་དེ་ཡིན། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མི་རིགས་ལས་བྱེད་པ་གསོ་སྐྱོང་དང་འདེམས་བཀོལ་ཤུགས་ཆེན་བྱས་ནས་བྱང་ཚད་མཐོ་བའི་མི་རིགས་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་ཧུར་ཐག་འཛུགས་དགོས་པ། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་སུ་འཇུག་དགོས་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་སྒྱུར་བཅོས་བྱས་ནས་མི་རིགས་མཐུན་སྒྲིལ་སྲ་བརྟན་འཕེལ་རྒྱས་གཏོང་རྒྱུར་འགན་ལེན་ཡག་པོ་མཁོ་འདོན་བྱེད་དགོས་པ་བཅས་དང་། མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་གཏོད་རྒྱུ་དམིགས་ཚད་དུ་བཟུང་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་ཡག་པོ་མུ་མཐུད་སྲ་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།