དབུ་ཤོག>གསར་འགྱུར།
  • ཀུན་སྤྱོད་དཔེ་བཟང་བའི་སྤྱོད་བཟང་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲང་ཧོ་ཡིས།   |     སྤེལ་དུས།  2015-10-12

    ཀུན་སྤྱོད་དཔེ་བཟང་བ་ནི་ང་ཚོའི་མཐའ་འཁོར་གྱི་མི་སེར་དཀྱུས་མ་ལས་གྲུབ་པའི་དཔའ་བོ་རེད། ཇི་འདྲ་བྱས་ཏེ་མང་ཚོགས་ཀྱི་ཁྲོད་ནས་ཐོན་པའི་དཔའ་བོ་དག་གི་སྤྱོད་བཟང་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཏེ་ཡང་རྩེར་ཧུར་ལེན་དང་སྤྱོད་བཟང་དར་སྤེལ་གྱི་སྤྱི་ཚོགས་དར་སྲོལ་ཞིག་ཆགས་པ་བྱ་རྒྱུ་ནི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དཔྱད་འདེམས་བྱེད་པའི་དམིགས་ཡུལ་གལ་ཆེན་ཞིག་རེད། འདི་ལོའི་ཟླ་བ་བཞི་པར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་སོགས་སྡེ་ཚན་6གིས་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དཔྱད་འདེམས་དང་གཟེངས་བསྟོད་ཀྱི་བྱེད་སྒོ་སྤེལ་ཚུན་ས་གནས་ཁག་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་འོས་མི་དང་དེ་བཞིན་ཞིང་ཆེན་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་རིམ་པ་ཁག་གི་ཀུན་སྤྱོད་དཔེ་བཟང་བ་དག་གསོན་ཉམས་དོད་པའི་སློབ་གཞིར་བཟུང་སྟེ་རྣམ་པ་སྣ་ཚོགས་དང་ཕུན་སུམ་ཇེ་ཚོགས་ཀྱི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཞིང་། དེའི་རིང་བློ་ཡིད་འགུག་པ་དང་། ཤུགས་རྐྱེན་ཐེབས་པར་བྱེད་པ། སྐུལ་ཁྲིད་བྱེད་པ་བཅས་ཀྱི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གཞི་རིམ་གྱི་མང་ཚོགས་ཁྲོད་དུ་དར་ཁྱབ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།

    ས་གནས་ཁག་གིས་ཀུན་སྤྱོད་དཔེ་བཟང་བའི་བྱས་རྗེས་འགྲེམས་སྟོན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་སྤྱི་ཚོགས་ཐོག་གི་འཕེལ་ཕྱོགས་གཙོ་བོའི་རིན་ཐང་ཇི་མ་ཇི་བཞིན་དུ་དྲིལ་བསྒྲགས་བྱས་ཤིང་། པར་རིས་དང་། གཟུགས་བརྙན། དངོས་རྫས་སོགས་དཔྱད་གཞིའི་ཡིག་རིགས་སྤྱད་དེ་གཞན་ཕན་སྒྲུབ་པར་དགའ་བ་དང་། བདེན་པའི་རྒྱབ་ཏུ་ལངས་པ། གཞུང་དྲང་ཞིང་ཁ་དན་ཚིག་ལ་གནས་པ། རྒན་རྒོན་ལ་བཀུར་ཞིང་གཞོན་པར་གཅེས་པ་སོགས་ཀུན་སྤྱོད་དཔེ་བཟང་བའི་མི་སེམས་འགུལ་བའི་བྱས་རྗེས་གསོན་ཉམས་དོད་པོའི་ངང་མངོན་པར་བྱས་པ་དེས་ལྟད་མོ་བ་ཡོངས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། དེའི་རིང་ལ་ལས་གྲོང་ཁྱེར་འཆར་འགོད་ཁང་དང་། དཔེ་དེབ་ཁང་། རིག་གནས་ཁང་། རྟེན་རྫས་བཤམས་མཛོད་ཁང་། དྲན་གསོ་ཁང་། བྱིས་པའི་ཕོ་བྲང་། ཀུན་སྤྱོད་སློབ་ཁང་། རིག་གནས་ཚོགས་ཁང་སོགས་སྒྲིག་བཀོད་ལ་བརྟེན་ནས་ཀུན་སྤྱོད་དཔེ་བཟང་བའི་བྱས་རྗེས་ཆེད་མངགས་འགྲེམས་སྟོན་བྱས་ཏེ་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོའི་རྟེན་གཞི་བཏོད་པ་དང་། པའོ་ཅི་ཡིས་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དང་། དམངས་སྲོལ་རྟེན་རྫས་བཤམས་མཛོད་ཁང་དུ་ཀུན་སྤྱོད་དཔེ་བཟང་བའི་བྱས་རྗེས་འགྲེམས་སྟོན་བྱེད་སྒོ་སྤེལ་བར་མི་ཐེངས་ཁྲི་བཅུ་ལྷག་ཙམ་ཞུགས་ནས་ལྟ་སྐོར་དང་སློབ་སྦྱོང་བྱས་པ། ཝུའུ་ཧན་གྱིས་ཝུའུ་ཐེན་ཞང་གི་བྱས་རྗེས་བཤམས་སྟོན་ཁང་བཙུགས་ནས་སྤྱི་ཚོགས་ཚོགས་པ་དང་ཚན་པ་ཁག་ཐེངས་226ལ་སྣེ་ལེན་ཞུས་པ། ཀྲེན་ཅང་གིས་ཀྲོའུ་ཡ་ཕུའུ་ཡི་བྱས་རྗེས་འགྲེམས་སྟོན་ཁང་བཙུགས་ནས་རྒྱུན་དུ“ཀྲོའུ་ཡ་ཕུའུ་ཡི་སྙིང་སྟོབས་སློབ་སྦྱོང”བྱེད་སྒོ་སྤེལ་ཡོད། ད་དུང་ལ་ལས་ཐང་ཆེན་དང་། སྤྱི་གླིང་། སྲང་ལམ། སྡེ་ཁུལ་སོགས་མི་ཚོགས་ཆེ་སར་ཀུན་སྤྱོད་དཔེ་བཟང་བའི་ཉམས་འགྱུར་མཚོན་པར་བྱས་ནས་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་པ་སོགས་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།