དབུ་ཤོག>གསར་འགྱུར།
  • སྤྱི་ཚོགས་ཞི་མཐུན་དང་ཁྱོན་ཡོངས་བརྟན་ལྷིང་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-10

    བོད་ཀྱི་བརྟན་ལྷིང་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་ལ་བོད་ཀྱི་བདེ་འཇགས་རྒྱལ་ཡོངས་ཀྱི་བདེ་འཇགས་དང་ཡང་འབྲེལ་བ་ཡོད།

    “བོད་ཀྱི་ལས་དོན་གྱི་གཞི་ཚུགས་ས་དང་ཤུགས་རྒྱག་ས་ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཞག་ནས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་རྒྱུ་དེ་ལས་འགན་གཙོ་བོར་འཛིན་པ་དང་། ཕྱོགས་ཁག་གི་ལས་དོན་གཅིག་འདོམས་བྱེད་པ། མཉམ་ཤུགས་འདོན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ཐུབ་པ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ནི་ཏང་གི་བོད་དུ་སྲིད་འཛིན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གནང་བ་ཞིག་ཡིན་ལ་བོད་ལྗོངས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བའི་དངོས་ཡོད་ཀྱི་དགོས་མཁོ་འགན་ལེན་བྱས་པ་ཞིག་ཀྱང་ཡིན།

    བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་དེང་སྐབས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་གནད་ལ་འཁེལ་བའི་ངང་སྟངས་འཛིན་གྱིས་གསར་གཏོད་རང་བཞིན་ལྡན་པའི་ངང་ཚན་ཁག་གཅིག་གིས་སེམས་ནུས་ཡོད་རྒུས་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་ཚན་ཁག་གཅིག་གིས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་འགན་ལེན་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་བཏོན་པ་དང་། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་དང་། དྲ་མིག་ཅན་གྱི་དོ་དམ། “གཉིས་ལྡན་དུད་སྦྲེལ”གཏོད་འདེམས་སོགས་ཀྱི་ལས་དོན་སྤེལ་བ། མི་རྩ་བར་འཛིན་པ་དང་། རྨང་གཞི་བརྟན་དུ་གཏོང་བ། མི་སེམས་གཅིག་ཏུ་འགྲིལ་བ། ནུས་ཤུགས་ཡོད་རྒུས་གཞི་རིམ་སྤྱི་ཚོགས་དོ་དམ་གྱི་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱས་ཡོད། ཞི་མཐུན་གྱི་ཇུས་ཆེན་དང་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པའི་བྱ་ཐབས་ཁག་མང་པོ་ཞིག་ལག་ལེན་བསྟར་བ་དང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཞི་མཐུན་ཧུར་ཐག་ཡོང་ཐུབ་ཐབས་བྱས་པས་སྤྱི་ཚོགས་བཅོས་སྐྱོང་བྱ་ཐབས་རྐྱང་པ་ནས་སྣ་མང་དུ་གྱུར་ཐོག་གཞི་རིམ་འཕེལ་རྒྱས་བརྟན་ལྷིང་གི་རྩ་བ་བརྟན་དུ་ནུས་ལྡན་ཕྱིན་པ་དང་། གངས་ལྗོངས་ས་མཐོ་ཞི་མཐུན་འཕེལ་རྒྱས་འགྲོ་བའི་བརྗིད་ཆེའི་ལེའུ་བརྩམས་ཡོད།

    ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱིས་དམངས་སེམས་གཅིག་འགྲིལ་ཡོང་བ་བྱས།

    གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་བརྟན་ལྷིང་གི་རྩ་བ་བརྟན་དུ་གཏོང་བ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་བྱ་སྤྱོད་དངོས།

    “དམངས་སེམས་ཐོབ་ན་གནམ་འོག་ཐོབ། དམངས་སེམས་ཤོར་ན་གནམ་འོག་ཤོར་ཅེས་པ་བཞིན་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་ནི་ཏང་གི་སྲིད་འཛིན་གྱི་ཆེས་བརྟན་ཤོས་ཀྱི་རྩ་བ་ཞིག་རེད”ཅེས་པ་དེ་ནི་དུས་ནམ་ཡང་འགྱུར་བ་འགྲོ་མི་སྲིད་པའི་བདེན་གཏམ་ཞིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པར་ངེས་པར་དུ་དུས་རྒྱུན་དུ་ནས་དམ་འཛིན་དང་།

    དུས་རྟག་ཏུ་འབད་བརྩོན། ཕུཌ་འཕེར་གྱི་ཇུས་གཞི་འདིང་བ། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ་བཅས་བྱེད་དགོས”ཞེས་བསྟན་གནང་ཡོད།

    རང་ལྗོངས་ཀྱི་མི་འབོར་80%ཡན་ཞིང་འབྲོག་ཁུལ་དུ་ཡོད་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དར་ཆ་གསལ་སྟོན་མེད་པ་དང་ཞིང་འབྲོག་ཁུལ་ཞི་མཐུན་བརྟན་ལྷིང་མ་བྱུང་ཚེ་བོད་ཀྱི་ཡུན་རིང་བདེ་འཁོད་ཅེས་པ་གླེང་ཐབས་བྲལ།

    མི་སེམས་གཅིག་འགྲིལ་ཐུབ་པའི་ལས་ཀའི་གཙོ་གནད་གཞི་རིམ་དུ་ཡོད་པ་དང་། གཙོ་གནད་དང་དཀའ་གནད་གཞི་རིམ་དུ་ཡོད་པ། ཤུགས་རྒྱག་ས་གཞི་རིམ་དུ་ཡོད་པ་དང་གཙོ་ཕྱོགས་གཞི་རིམ་གྱི་རྩ་འཛུགས་ཡིན། ཤང་གྲོང་ཁག་གཅིག་གིས་སྤྱི་ལེ་ངོས་གྲུ་སྟོང་ཕྲག་ཁ་ཤས་ཀྱི་ས་ཁོངས་དོ་དམ་བྱེད་དགོས་ཁར་ལས་བྱེད་པ་10ལྷག་ཙམ་ལས་མེད་པའི་ད་ཡོད་ཀྱི་གནས་ཚུལ་ལ་དམིགས་ནས་ཇི་ལྟར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་དགོས་སམ།

    2011ལོའི་སྟོན་དུས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་འོག “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན”བྱེད་སྒོ་སྤེལ་འགོ་ཚུགས། དེ་ནི་རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་པ་དང་། བོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་ལེའུ་གསར་པ་ཞིག་བཏོད་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གཞི་ཁྱོན་ཆེ་ཤོས་དང་ཁྱབ་ཁྱོན་ཆེ་ཤོས་ཡིན་པའི་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་ཞིག་ཡིན་པའི་ངོས་ནས། ལས་ཁུངས་ཀྱི་ལས་བྱེད་པ་ཁྲི་2ཙམ་གྱིས་ཕྲག་ཐོག་ཏུ་ཏང་ཨུད་ཀྱི་མངགས་བཅོལ་དང་མང་ཚོགས་ཀྱི་རེ་སྒུག་འཁྱེར་བཞིན། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)5464རུ་བཅའ་སྡོད་བྱས་ཡོད། གངས་རིའི་ཉེ་འདབས་དང་། རྩྭ་ཐང་གི་མཐའ་སྣེ། གྲོང་གསེབ་ཀྱི་སྒོ་ར་ཆུང་ཆུང་། འབྲོག་དུད་ཀྱི་སྦྲ་གུར་བཅས་སུ་ཁོང་ཚོའི་རྐང་རྗེས་གསལ་པོ་མཐོང་རྒྱུ་ཡོད་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་མཐོང་རྒྱུ་ཡོད།

    རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་དཀའ་སྡུག་འདྲི་བ་དང་། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ལས་ཀའི་ལམ་སྲོལ་འཛུགས་པ། སྤྱི་ཚོགས་ཀྱི་འགལ་བ་གྲལ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་འདོན་པ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལས་དོན་ལེགས་པར་སྒྲུབ་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགག་རྩ་དེར་དམ་འཛིན་ནན་པོ་བྱེད་པ། ཁྲལ་སེལ་སླ་བཅོས་གཏན་ནས་མི་བྱེད་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྲད་པའི་གཟི་བརྗིད་ལས་འགན་སྒྲུབ་པ་བཅས་བྱས་པས། བོད་ལྗོངས་ཡུན་རིང་བདེ་འཁོད་ཀྱི་ཁྱོན་ཡོངས་ཀྱི་རྣམ་པ་སྔར་བས་བརྟན་དུ་ཕྱིན་ཡོད།

    ལྗོངས་ཡོངས་ཀྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ལྗོངས་ཏང་ཨུད་ཀྱི“སྔ་ཙམ་ནས་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། མགྱོགས་ཙམ་དམ་འཛིན། དམ་འཛིན་ཡག་པོ”བཅས་ཀྱི་བླང་བྱ་གཞིར་བཟུང་། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་དང་འགན་ནུས་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་གིས་རྫོང་ཡོངས་དང་། ཤང་། གྲོང་ཚོ། ཚོགས་ཆུང་། དུད་ཚང་བཅས་རིམ་ལྔའི་བརྟན་ལྷིང་སྲུང་སྐྱོང་གི་ཆ་འཕྲིན་སྤེལ་རེས་ལམ་སྲོལ་དང་། བདེ་འཇགས་དོགས་ཟོན་གྱི་ལམ་སྲོལ། རྩོད་གཞི་འདུམ་འགྲིག་ཐག་གཅོད་ཀྱི་ལམ་སྲོལ་བཅས་བཙུགས་ཡོད་པ་དང་། ལྷག་དོན་དུ་ལོ་མཇུག་དང་ལོ་གསར་པ་ཤར་བའི་སྐབས་ཀྱི“དུས་ཆེན་གསུམ”གྱི་རིང་ལས་དོན་རུ་ཁག་གི་རུ་མི་ཚང་མས་ལས་གནས་བརྟན་སྲུང་བྱེད་པ་དང་། ཆུ་ཚོད་24ཡི་རིང་ལས་རེས་བྱེད་པ། མང་ཚོགས་སྐུལ་སློང་རྒྱ་ཁྱབ་ཀྱིས་གྲོང་སྲུང་རུ་ཁག་དང་། སློབ་སྲུང་རུ་ཁག ཉེན་ཟོན་སྐོར་གཡེང་རུ་ཁག་སོགས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་གྲོང་ཚོ་རིམ་པ་སྲུང་སྐྱོང་དང་ཉེན་ཟོན་སྐོར་གཡེང་ལ་ཤུགས་སྣོན་གྱིས་གྲོང་ཚོ་ཚང་མ་མཁར་རྫོང་ཡིན་པ་དང་མི་ཚང་མ་སོ་ལྟ་བྱེད་མཁན་ཡིན་པའི་གྲོང་གསེབ་ཀྱི་འགོག་སྲུང་ཚོད་འཛིན་མ་ལག་ཅིག་བསྐྲུན་པས་གཞི་རིམ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

    ལོ་གསུམ་ལྷག་ཙམ་རིང་། ཁག་བཞི་ཡི་ལས་བྱེད་པ་ཁྲི་9ཙམ་སྔ་རྗེས་སུ་གཞི་རིམ་དུ་བསྐྱོད་དེ་ཁོང་ཚོ་དང་མཉམ་བཟའ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་གྱིས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པ་དང་། གཞི་རིམ་གྱི་ཏང་སྲིད་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་མང་ཚོགས་ཚོའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པ་མ་ཟད། ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཆོད་སེམས་དེ་བས་ཆེ་རུ་ཕྱིན་ཐོག་གཞི་རིམ་གྱི་འཕེལ་རྒྱས་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

    དོ་དམ་གསར་གཏོད་ཀྱིས་ཞི་མཐུན་ལ་སྐུལ་འདེད་བཏང་བ།

    རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་གསོན་ཉམས་ལྡན་པའི་ལག་ལེན།

    “རྨང་གཞིའི་རང་བཞིན་གྱི་ལས་དོན་གཏིང་ཟབ་དང་། ཏན་ཏིག ཞིབ་ཕྲ་བཅས་བསྒྲུབས་ནས་ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་དམ་པོར་བརྟེན་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་ཀྱིས་རང་ལྗོངས་ཀྱི་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱ་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    “བོད་ལྗོངས་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཁུལ་དུ་གནས་པས་མཐའ་མཚམས་མི་རིགས་ས་ཁུལ་དང་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་ཞིག་ཡིན་ལ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་གཙོ་བོ་ཞིག་ཀྱང་རེད། སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་གསར་གཏོད་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཏང་གིས་བོད་ལ་སྲིད་སྐྱོང་བྱེད་པའི་གནས་བབ་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་དང་འབྲེལ་བ་ཡོད་པ། ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད”

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་ལྗོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་ཤུགས་སྣོན་རྒྱག་པའི་ཐད་སྟངས་འཛིན་ནན་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་དགོངས་དོན་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ་དང་བསམ་ཕྱོགས་གསར་གཏོད་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་བསམ་བློའི་སྒུལ་ཤུགས་མཁོ་འདོན་བྱས་ཡོད།

    རང་ལྗོངས་ནི་བོད་བརྒྱུད་ནང་བསྟན་གྱི་ལྟེ་བ་ཡིན་ལ་འཛམ་གླིང་ཡུལ་སྐོར་གནས་མཆོག་ཅིག་ཀྱང་ཡིན་པས་བོད་དུ་ཡོང་མཁན་ཡུལ་སྐོར་བ་མང་བ་དང་། གནས་མཇལ་ཞུ་མཁན་མང་བ། ཕྱོགས་མི་མང་བ་བཅས་ཡོད། དེས་རྐྱེན་པས་རང་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུར་ཞིབ་འཇུག་བྱ་གཞི་གསར་པ་དང་ལས་འགན་གསར་པ་ཞིག་བཏོན་པ་མ་ཟད། ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་ངན་ཇུས་རྩ་མེད་གཏོང་རྒྱུར་གནོན་ཤུགས་དང་འགྲན་སློང་དྲག་པོ་དེ་བས་འཕྲད་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྨང་རྩ་གཉིས་བརྟན་དང་ཡུན་རིང་བདེ་འཁོད་ལ་དམིགས་ནས་དམངས་ཆེད་དང་། དམངས་ཞེན། དམངས་ཕན། དམངས་བདེ་བཅས་ལས་ཀའི་འཇུག་གཞིར་བརྩིས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་དང་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ་2011ལོའི་ལོ་མཇུག་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་ལག་ལེན་བསྟར་འགོ་ཚུགས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ་སྔོན་དུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སྐྲུན་པ་དང་། ཉེས་དོན་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། མི་དམངས་ཉེན་རྟོག་པ་གཙོ་རྐང་དུ་བྱེད་པ། དྲག་ཆས་ཉེན་རྟོག་དང་ལས་རོགས་ཉེན་རྟོག་པ་རམ་འདེགས་སུ་བྱེད་པ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་དུ་ཁྱབ་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་154བསྐྲུན་ནས“ཆུ་ཚོད་24ཡི་རིང་བློ་རྩེ་གཅིག་སྒྲིམ་གྱིས་ལས་གནས་བརྟན་སྲུང་བྱེད་མཁན”ཡོད་པ་བྱས་པ་དང་། ཉེན་རྟོག་སྟོབས་ཤུགས་ཁྲོམ་གཞུང་དང་སྲང་ལམ་གྱི་འཐབ་ས་མདུན་མར་བཀོད་སྒྲིག་བྱས་པ་དང་ལམ་འགྲམ་དུ་ཉེན་རྟོག་པས་ལས་སྒྲུབ་བྱེད་ཚད་མཐོ་རུ་བཏང་བས་ཉེས་དོན་དང་དམངས་དོན་གྱི་གྱོད་གཞི་སྣ་ཚོགས་ཐོན་ཚད་ཆེས་ཆེར་ཆག་ཡོད།

    ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ཆུ་ཚོད་24ཡི་རིང་ལས་གནས་བརྟན་སྲུང་བྱས་པས་གནས་ཚུལ་ཤེས་རྟོགས་ཐུབ་ཚད་དང་། འདྲི་ཞིབ་བྱེད་ཚད། འགན་འཁུར་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། 2012ལོའི་ཟླ་དང་པོ་ནས་ཟླ་བཅུ་གཉིས་པའི་བར་ལྷ་ས་གྲོང་ཁུལ་གྱི་བདེ་འཇགས་ཀྱི་གྱོད་གཞི་སྣ་ཚོགས་ལོ་གོང་མའི་དུས་མཚུངས་ལས་33.3%ཆག་པ་དང་། ཉེས་དོན་གྱོད་གཞི་ཐོན་ཚད་ལོ་གོང་མའི་དུས་མཚུངས་ལས་30.1%ཆག་པ། “འཕྲོག་བཅོམ་གཉིས་དང་རྐུ་རྒྱག་གཅིག”སོགས་ཁྲོམས་གཞུང་གི་སྔོན་འགོག་ཐུབ་པའི་རང་བཞིན་གྱི་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་34.6%ཆག་ནས་མི་སེར་གྱི་བདེ་འཇགས་ཚོར་སེམས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་2012ལོའི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དྲི་ཤོག་བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། རང་ལྗོངས་ཀྱི་མང་ཚོགས་ཚོའི་བདེ་འཇགས་ཚོར་སེམས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་38ཀྱི་བརྟག་དཔྱད་ཁྲོད་ལྷ་སའི་སྤྱི་པའི་བདེ་འཇགས་ལ་བློ་ཡིད་ཚིམ་ཚད་ཨང་དང་པོར་སླེབས་ནས་ལོ་བཞི་བསྟུད་མར་ཨང་དང་པོར་སླེབས་ཡོད། 2014ལོའི་བསྡོམས་རྩིས་སྡེ་ཚན་གྱིས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། རང་ལྗོངས་ཀྱི་མང་ཚོགས་ཚོའི་བདེ་འཇགས་ཚོར་སེམས་98.67%ཟིན་ནས་2012ལོ་ལས་བརྒྱ་ཆའི་གྲངས་1.07མཐོ་རུ་ཕྱིན་པ་དང་ལོ་གོང་མ་ལས་འཕར་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད།

    “གཉིས་ལྡན་དུད་སྦྲེལ”བཏོད་ནས་བརྟན་ལྷིང་སྲུང་སྐྱོང་བྱས།

    འཕེལ་རྒྱས་དང་བརྟན་ལྷིང་གི་ལས་འགན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་དོན་འཁྱོལ་ཐུབ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་པ།

    ཞི་མཐུན་བརྟན་ལྷིང་ནི་ཆེས་གཞི་རྩའི་དམངས་འཚོ་ཞིག་ཡིན་ལ་སྤྱི་པའི་ཁེ་ཕན་ཆེ་ཤོས་ཤིག་ཀྱང་རེད།

    “དུད་སྦྲེལ་ཞི་འཇགས་དང་དུད་སྦྲེལ་འབབ་འཕར”གྱི་ཞབས་ཞུའི་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱུན་སྲིང་ལྷོད་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་ཡོང་བ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཧུར་ཐག་གཏོད་པ”བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཕུཌ་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལག་ལེན་ཁྲོད་ཐོན་པའི་སྤྱི་ཚོགས་དོ་དམ་ཁྱབ་ཁོངས་ཀྱི་ལམ་ལུགས་གསར་གཏོད་གལ་ཆེན་བྱས་པ་ཞིག་ཀྱང་ཡིན་པས་མངོན་གསལ་དོད་པའི་ལག་ལེན་གྱི་ཁྱད་ཆོས་དང་སྲ་ཞིང་བརྟན་པའི་མང་ཚོགས་ཀྱི་རྨང་གཞི་ལྡན་ཡོད།

    བོད་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། སྲིད་འཛིན་གྲོང་ཚོ་མང་པོ་ཞིག་གི་མངའ་འོག་ཏུ་གྲོང་མིའི་ཚོགས་ཆུང་མེད་པ་རེད། ལྷག་དོན་དུ་གཞི་རིམ་ཞིང་འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་ཁར་འགྲོ་སྐྱོད་ཡང་སེ་བྱེད་དགོས་ཀྱི་ཡོད། སྤྱི་ཚོགས་བཅོས་སྐྱོང་སྣ་མང་ཅན་ཡོང་བ་བྱ་ཆེད། ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2013ལོ་ནས་བཟུང་ལྗོངས་ཡོངས་སུ“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་ལས་དོན་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་འབྲེལ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་གཏོད་འདེམས་བྱེད་སྒོ་སྤེལ་ཏེ་དུད་ཚང་ལྔའམ་བཅུ་རེ་དུད་སྦྲེལ་ཚན་པར་བརྩི་བ་དེའི་ཁྲོད་དུད་སྦྲེལ་སྤྱི་མི་ཞིག་འདེམས་སྒྲུག་བྱས་ཏེ་གྲོང་མིའི་ཙུའུ་ཀྲང་ངམ་ཡང་ན་སྟར་པ་དང་སྒོ་རའི་འགོ་འཛིན་ལ་གཞོགས་འདེགས་བྱས་ནས་དུད་ཚང་ཚང་མར་མཐུན་སྦྱོར་དོ་དམ་བྱེད་པ་དང་འབྲེལ་དུད་ཚང་དབར་གྱི་ཁེ་ཕན་མཉམ་དུ་ལོངས་སྤྱོད་དང་འགན་འཁྲི་མཉམ་དུ་འཁུར་གྱི་ཡོད།

    དུད་སྦྲེལ་ལམ་ལུགས་དྲ་མིག་དོ་དམ་བར་སྣུར་སྲིང་ཐུབ་པ་བྱས་པས། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་དེ་ཆེས་གཞི་རྩའི་སྤྱི་ཚོགས་ཀྱི་ཚན་པ་ཡིན་པའི་ཁྱིམ་ཚང་བར་ཁྱབ་པ་བྱས་ནས་མང་ཚོགས་རྣམས་སྤྱི་ཚོགས་བཅོས་སྐྱོང་གི་གཙོ་རྐང་དང་གཙོ་ཤུགས་སུ་བརྩིས་ཏེ་མང་ཚོགས་རྣམས་རང་ངོས་སློབ་གསོ་དང་། རང་ངོས་ནུས་པ་ཆེར་གཏོང་། རང་ངོས་དོ་དམ་བཅས་བྱུང་བ་དང་། ཏང་གི་འགོ་ཁྲིད་དང་མང་ཚོགས་རང་སྐྱོང་ཟུང་འབྲེལ་ཐུབ་པ། སྔོན་ཆད་མང་ཚོགས་ལས་དོན་སྒྲུབ་པའི་ཐབས་ཤེས་མང་པོ་མེད་པའི་གནད་དོན་ལ་འགྱུར་ལྡོག་ཏན་ཏིག་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་སྔར་བས་ཞིབ་ཚགས་སུ་ཕྱིན་པ། མཉམ་འགོག་མཉམ་བཅོས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་རྣམ་པ་ཞིག་བཏོད་པ་བཅས་བྱས་པས། སྤྱི་ཚོགས་ཞི་མཐུན་ལ་མི་ཚང་མ་ཞུགས་པ་དང་ཞི་མཐུན་སྤྱི་ཚོགས་མི་ཚང་མས་ལོངས་སྤྱོད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    “གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་ལས་དོན་སྤེལ་ཚུན་བརྟན་ལྷིང་སྲུང་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་ཕྱིན་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་པས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། མང་ཚོགས་ཚོས་དགའ་ཚོར་ཆེན་པོས“‘གཉིས་ལྡན་དུད་སྦྲེལ’ལས་ཕན་པ་ཐོབ་བྱུང་ལ་དུས་བདེ་ཡང་བྱུང་ནས་ང་ཚོའི་འཚོ་བར་ཕན་པ་ཆེན་པོ་ཐོབ་བྱུང”ཞེས་བརྗོད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2013ལོར་རང་ལྗོངས་ཀྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པ་དང་འདེམས་པའི་བྱེད་སྒོ་སྤེལ་ཚུན་དུད་སྦྲེལ་ཚན་པ་ཁག་གིས་འགལ་ཟླ་དང་རྩོད་གཞི་8000ཙམ་གྲལ་བཤེར་འདུམ་འགྲིག་བྱས་པ་དང་བདེ་འཇགས་ལས་འཛོལ་གྱི་བག་ཉལ་རྐྱེན་ངན་ཁྲི་1ལྷག་ཙམ་བསལ་བའི་ཁར་སྤྱི་བདེ་ལས་ཁུངས་སུ་ཁུངས་སྣེ་2000ལྷག་ཙམ་མཁོ་འདོན་བྱས་ཡོད།

    བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཀྱི་ལེའུ་གསར་པ་ཞིག་བརྩམས་པས་གྲོང་གསེབ་བཅོས་སྐྱོང་མ་ལག་སྔར་བས་འཐུས་ཚང་དང་གཏིང་ཟབ་ཏུ་ཕྱིན་ཡོད། དེང་སྐབས་ལྗོངས་ཡོངས་ཀྱི་གོང་འོག ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། ཕྱར་བ་གྲུ་འདེགས་ངང་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་མཐུན་ཆ་ཞིག་ཏུ་གྱུར་པས་གངས་ལྗོངས་ས་མཐོས་ཞི་མཐུན་བརྟན་ལྷིང་གི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་རྩོམ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།