དབུ་ཤོག>གསར་འགྱུར།
  • བརྩེ་དུང་ཟབ་འཆང་དང་ལྟ་རེས་སྲུང་རེས་ཀྱིས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-10

    “མི་རིགས་ཁག་གི་སྤུན་ཟླ་ཚོ་བརྩེ་དུང་ཟབ་འཆང་དང་ལྟ་རེས་སྲུང་རེས་ཀྱིས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བའི་བཀའ་མངགས་ཀྱིས་རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ཀྱི་ལག་ལེན་གསོན་ཉམས་དོད་པོས་གསལ་བཤད་ཐུབ་ལ་ཏང་ཀྲུང་དབྱང་གི་ཐུགས་རེ་ཟབ་མོ་བཏོན་གནང་བ་མ་ཟད། དེ་ནི་ང་ཚོས་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་བཏང་བའི་བརྩི་སྲུང་གལ་ཆེན་ཞིག་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་རེད། བརྩེ་དུང་ཟབ་འཆང་དང་ལྟ་རེས་སྲུང་རེས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་ཡིན། ལོ་ངོ་སྟོང་ཕྲག་ནང་མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་དང་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་གསར་སྤེལ་བྱས་པ་དང་། ཐུན་མོང་ཐོག་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་ཀྲུང་ཧྭ་ཡི་རིག་གནས་བཏོད་དེ་ཁྱེད་ཀྱི་ཁྲོད་ང་ཡོད་པ་དང་ངའི་ཁྲོད་ཁྱེད་ཡོད་པ་བྱས་ཏེ་སུའང་སུ་དང་ཁ་འབྲལ་ཐབས་མེད་པའི་སྣ་མང་གཅིག་འདུས་ཀྱི་རྣམ་པ་ཞིག་ཆགས་པ་བྱས་ནས་ཐུན་མོང་ཐོག་རླབས་ཆེའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་བཏོད་ཡོད།

    བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་མི་རིགས་མང་པོ་མཉམ་སྡོད་དང་སྣ་མང་རིག་གནས་མཉམ་འདྲེས་ཀྱི་ས་ཁུལ་ཞིག་ཡིན་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་ཐུན་མོང་ཐོག་ཕྱིའི་བཙན་གནོད་འགོག་པའི་བརྒྱུད་རིམ་ནང་མཐུན་སྒྲིལ་གཅིག་མཐུན་དང་བདེ་སྡུག་མཉམ་མྱོང་བྱས་ཡོད། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་དུས་སུ་བརྩེ་བ་ཟབ་པ་དང་ལྟ་རེས་སྐྱོང་རེས་ཀྱིས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་དེ་ནི་མི་རིགས་ཁག་གི་མི་དམངས་ཀྱི་འདུན་པ་བཟང་པོ་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་གཞི་རྩའི་འགན་ལེན་ཞིག་ཀྱང་རེད། རིག་གནས་ནི་མི་རིགས་ཁག་གི་མཐུན་སྒྲིལ་ཞི་མཐུན་ལ་སྐུལ་མ་གཏོང་བའི་བསམ་པའི་སྦྲེལ་ཐག་ལྟ་བུ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་སྤྱད་དེ་མི་རིགས་ཁག་ལ་ཐུན་མོང་བདག་པའི་རིག་གནས་དང་བསམ་པའི་ཁྱིམ་གཞིས་སྣེ་ཁྲིད་ཀྱིས་སྐྲུན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྡུས་པའི་མི་རིགས་ཁག་གི་བློ་རིག་དང་སྟོབས་ཤུགས་སྤྱད་དེ་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྱད་པར་ལ་བརྩི་འཇོག་དང་སྣ་མང་བཟོད་སྒོམ་གྱིས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་མི་རིགས་ཁག་གི་མོས་སེམས་དང་། གཏོགས་སེམས། སྤོབས་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་གོང་བུ་འགྲིལ་ཤུགས་དང་བློ་སེམས་འགུག་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བར་མི་ཚང་མའི་ཉམས་ལེན་འབད་སྒྲུབ་དང་སྤྱི་ཚོགས་ཧྲིལ་པོའི་འབད་བརྩོན་ལྷོད་མེད་དགོས། བརྩེ་དུང་སྤེལ་རེས་དང་། གསོ་སྐྱོང་། ཟབ་མཐུན་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་ནས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་སྡོད་པ་དང་། མཉམ་དུ་སློབ་སྦྱོང་བྱེད་པ། མཉམ་དུ་ལས་དོན་སྒྲུབ་པ། མཉམ་དུ་དགའ་སྤྲོར་རོལ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་བཏོད་དེ“ཁ་འབྲལ་ཐབས་མེད་པ་གསུམ”དང“ངོས་འཛིན་གཅིག་མཐུན་ལྔའི”བསམ་བློའི་ལྟ་བ་མི་སེམས་སུ་གཏིང་ཟབ་ཟུག་པ་བྱས་ནས་མི་རིགས་ཁག་ཀྲུང་ཧྭ་ཁྱིམ་ཚང་ཆེ་མོའི་ནང་བརྩེ་བ་ཟབ་པ་དང་ལྟ་རེས་སྐྱོང་རེས་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།