དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས་འགན་ལེན་ལྔའི་རྒན་རྒོན་གཅིག་བསྡུས་འཚོ་སྐྱོང་དང་དྭ་ཕྲུག་གཅིག་བསྡུས་གསོ་ཉར་བྱེད་པའི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-10-09

    ཚེས་6ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏིང་ཞའོ་ཀང་ཆེད་མངག་ལྷ་ས་གྲོང་ཁྱེར་གྱི་རྫོང་གསུམ་སྤྱི་ཚོགས་ཕན་བདེ་ཁང་ལ་ཕེབས་ནས་གཅིག་བསྡུས་གཉིས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ།  འགན་ལེན་ལྔའི་རྒན་རྒོན་ལ་བྱམས་བརྩེའི་འཚམ་འདྲི་གནང་བ་མ་ཟད་རྒན་རྒོན་ཚོ་དང་མཉམ་དུ་རྒྱལ་སྟོན་དགའ་གཏོང་གནང་བ་རེད།

    ལྷ་ས་གྲོང་ཁྱེར་གྱི་རྫོང་གསུམ་སྤྱི་ཚོགས་ཕན་བདེ་ཁང་ནི་ལྗོངས་ཡོངས་ཀྱི་གཅིག་བསྡུས་གཉིས་ཀྱི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་།  རྣམ་གྲངས་དེས་སྙེ་མོ་དང་འདམ་གཞུང་།  སྟོད་ལུང་བདེ་ཆེན་བཅས་རྫོང་གསུམ་གྱི་སྤྱི་ཚོགས་ཕན་བདེ་ཁང་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་དུ་ཟླ་སྒྲིལ་བཏང་ནས།  སྤྱི་ལོ་2015ལོའི་ཟླ་བ་9པའི་ཚེས་21ཉིན་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་།  འགན་ལེན་ལྔའི་རྒན་རྒོན་278དེ་གར་འཚོ་བ་སྐྱེལ་བཞིན་ཡོད།  རྫོང་གསུམ་སྤྱི་ཚོགས་ཕན་བདེ་ཁང་དུ་ཏིང་ཞའོ་ཀང་གིས་རྒན་རྒོན་རེ་རེ་བཞིན་དང་ཕྱག་བཏང་གནང་ནས་ཁོང་ཚོ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།

    ཏིང་ཞའོ་ཀང་གིས།  ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་གཅིག་བསྡུས་གཉིས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཧུར་བརྩོན་རང་བཞིན་དང་།  རང་འགུལ་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ།  རྒྱུན་ཆད་མེད་པར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས།  རྒན་རྒོན་ཚོར་རྒས་དུས་འཚོ་བརྟེན་ཡོད་པ་དང་རྒས་དུས་སྨན་བཅོས་བྱེད་མཁན་ཡོད་པ།  སློབ་ཚན་ཁྲིད་མཁན་ཡོད་པ།  སློབ་སྦྱོང་བྱེད་རྒྱུ་ཡོད་པ།  ལས་ཀ་བྱེད་རྒྱུ་ཡོད་པ།  སྤྲོ་སྐྱིད་གཏོང་ས་ཡོད་པ་བཅས་ཡོང་བ་བྱེད་དགོས་པ་དང་ཆབས་ཅིག  ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དར་སྤེལ་ཤུགས་ཆེ་བཏང་སྟེ།  ཕྱོགས་ཁག་གི་དགེ་མཚན་སྐོང་འཐེན་གང་ལེགས་བྱས་ནས།  ཐུན་མོང་ཐོག་རྒན་རྒོན་གྱི་བྱ་གཞག་ལ་དོ་ཁུར་དང་སེམས་ཁུར་བྱེད་པ་མ་ཟད་རྒན་རྒོན་ཚོར་རོགས་རམ་བྱས་ཏེ་རྒན་བཀུར་དང་རྒན་གཅེས།  རྒན་རྒོན་ལ་རོགས་རམ་བཅས་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་གཅིག་བསྡུས་འཚོ་སྐྱོང་དང་།  དྭ་ཕྲུག་གཅིག་བསྡུས་གསོ་ཉར་གྱི་ལས་དོན་སྤེལ་བ་ནས།  ད་བར་རྫོང་63གྱི་འགན་ལེན་ལྔའི་གཅིག་བསྡུས་འཚོ་སྐྱོང་རྣམ་གྲངས་ནང་ནས།  བཞི་པའི་ཚེས་25ཉིན་གྱི་ས་ཡོམ་གནོད་འཚེ་ཕོག་པའི་རྐྱེན་གྱིས་གཉའ་ལམ་རྫོང་གིས་ལས་འགོ་འཛུགས་ཐུབ་མེད་པ་ཕུད།  དེ་མིན་རྫོང་62ཀྱི་རྣམ་གྲངས་ཚང་མ་སྐྲུན་འགོ་ཚུགས་ཟིན་པ་དང་།  ས་ཁུལ(གྲོང་ཁྱེར)ཁག་གི་དྭ་ཕྲུག་གཅིག་བསྡུས་གསོ་ཉར་ཚན་པ་དགུ་ཚང་མ་ལས་འགོ་བཙུགས་ཟིན་ནས།  སྤྱི་ཟླ་10པའི་ཟླ་མཇུག་ཏུ་ཚང་མ་ལས་མཇུག་སྒྲིལ་ཐུབ་བཟོ་ཡོད།  རིམ་ཁག་དམངས་སྲིད་ཚན་པས་འགན་ལེན་ལྔའི་རྒན་རྒོན་དང་དྭ་ཕྲུག་ཕན་བདེ་ཁང་དུ་བསྡུ་བའི་ལས་དོན་སྤེལ་བཞིན་པ་དང་།  སྤྱི་ལོ་2015ལོར་འདོད་འདུན་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་གཅིག་བསྡུས་འཚོ་སྐྱོང་དང་།  དྭ་ཕྲུག་གཅིག་བསྡུས་གསོ་ཉར་བྱེད་ཚད་བརྒྱ་ཆ་བརྒྱ་ཟིན་པའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།