1.ཁ་ལག་བཟས་ཚར་རྗེས་ལམ་སེང་ཤིང་འབྲས་ཟ་རྒྱུ་མེད།
མི་མང་པོ་ཞིག་གིས་ཁ་ལག་བཟས་ཚར་རྗེས་ལམ་སེང་ཤིང་འབྲས་ཟ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། དེ་ནི་ནོར་འཁྲུལ་གྱི་འཚོ་བའི་གོམས་གཤིས་ཤིག་ཡིན། ཁ་ལག་ཕོ་བའི་ནང་སླེབས་རྗེས་ཆུ་ཚོད་1ནས་2བར་འཇུ་གི་ཡོད། གལ་ཏེ་ཁ་ལག་བཟས་རྗེས་ལམ་སེང་ཤིང་ཏོག་བཟས་ན་སྔོན་ལ་ཟས་ཟིན་པའི་ཟ་མའི་འཇུ་ལམ་བཀག་ནས་ཤིང་འབྲས་རྒྱུན་གཏན་ལྟར་འཇུ་མི་ཐུབ་པར་དུས་ཚོད་གང་འཚམས་ནས་གྲོད་པ་སྦོས་པ་དང་། བཤལ་བ། ཡང་ན་བཙོག་པ་སྐམ་པོ་ཆགས་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་པས་ཡིད་གཟབ་བྱེད་དགོས།
2.ཁ་ལག་བཟས་ཚར་རྗེས་ཇ་གར་པོ་འཐུང་རྒྱུ་མེད།
ཁ་ལག་བཟས་ཚར་རྗེས་ཕོ་བའི་སྤྲ་དཀར་ཉུང་དུ་ཕྱིན་ནས་ཟས་འཇུ་བར་འགོག་རྐྱེན་བཟོ་གི་ཡོད། གཞན་ཡང་། ཇ་ལོའི་ནང་རུ་སོན་ཞེས་པའི་རྒྱུ་མང་པོ་ལྡན་པས། ཁ་ལག་བཟས་རྗེས་ཇ་བཏུང་ན་ཕོ་བའི་ནང་གི་སྤྲི་དཀར་གྱི་རྒྱུ་འཇུ་མི་ཐུབ་པར་རུ་སོན་དང་མཉམ་དུ་འདྲེས་ནས་འཇུ་ཁག་པའི་དངོས་པོ་ཆགས་ནས་སྤྲི་དཀར་གྱི་རྒྱུ་བཅུད་ལེན་བྱེད་རྒྱུར་འགོག་རྐྱེན་བཟོ་གི་ཡོད། ཇ་ལོས་ད་དུང་ལྕགས་རྒྱུ་བསད་ནས་ཁྲག་དམའ་པོ་ཆགས་འགྲོ་བས་ཡིད་གཟབ་བྱེད་དགོས།
3.ཁ་ལག་བཟས་ཚར་རྗེས་ལམ་སང་ཐ་མག་འཐེན་རྒྱུ་མེད།
ཁ་ལག་བཟས་རྗེས་ལམ་སང་ཐ་མག་འཐེན་ན་གཟུགས་པོར་གནོད་འཚེ་ཕོག་ཚད་དུས་རྒྱུན་ལས་ལྡབ་10ཡིས་ཆེ་བ་ཡོད། དེ་ནི་ཟ་མ་བཟས་རྗེས་འཇུ་བྱེད་ལམ་གྱི་ཁྲག་འཁོར་རྒྱུག་བྱེད་མང་དུ་སོང་བས་ཐ་མག་ནང་གི་གནོད་པ་ཆེ་བའི་རྒྱུ་ཆ་མང་པོ་འཐེན་ནས་མཆིན་པ་དང་།ཀླད་ཆེན། སྙིང་ཁྲག་སོགས་ལ་གནོད་འཚེ་ཕོག་སྟེ་ན་ཚ་བཟོ་གི་ཡོད།