དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་དེ་རང་གཞན་བརྗེ་རེས་དང་། སེམས་པ་གཏད་རེས། མི་སེམས་གཅིག་འགྲིལ་བཅས་བྱེད་རྒྱུ་དེ་ཡིན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-09

    “མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་རེད། གྲུ་ཡི་ཤེད་ཤུགས་གྲུ་གཡོར་ལ་ཐུག་པ་དང་། མི་ཡི་སྟོབས་ཤུགས་སེམས་ལ་ཐུག་ཡོད། མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་དེ་བསམ་པ་བརྗེ་རེས་དེ་ཡིན་པས་རང་གཞན་བརྗེ་རེས་དང་སེམས་པ་གཏད་རེས་བྱེད་དགོས་པ་དེ་རེད། མི་རིགས་ཁག་གི་སྤུན་ཟླའི་དབར་བརྩེ་བ་ཟབ་པ་དང་ལྟ་རེས་སྲུང་རེས་བྱས་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཆེ་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་པས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླར་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་། དུས་བབ་གསར་པའི་འོག་ང་ཚོས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་བས་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་གཞི་རྩའི་བསྲུང་བྱའང་ཡིན་པ་མཚོན་གྱི་ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱེད་པ་དང་གོ་ཆོད་ཤོས་ནི་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་རེད། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་རེད། སྲོག་རྩ་དེ་སྐྱོང་བ་མ་ཟད་སྟོབས་ཆེར་གཏོང་བར་མི་སེམས་ནི་ཆབ་སྲིད་ཆེ་ཤོས་རེད། མི་སེམས་གཅིག་ཏུ་འགྲིལ་བར་གཞི་རྩ་ནི་ང་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཡོངས་ཁྱབ་རང་བཞིན་དང་ཁོག་ཡངས་རང་བཞིན་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་ས་ཁོངས་མི་འདྲ་བའི་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་ཧུར་ཐག་བཏང་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚང་མ་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་བྱེད་དགོས་པ་དེ་རེད། མི་རིགས་མཐུན་སྒྲིལ་གྱི་གཙོ་གཟུགས་ནི་མི་རིགས་ཁག་གི་མང་ཚོགས་ཡིན་ཞིང་། དེའང་མཐར་གཏུགས་ནས་བཤད་ན་མི་དང་མིའི་དབར་གྱི་མཐུན་སྒྲིལ་དེ་རེད།  མི་སེམས་འགུག་མ་ཐུབ་ན་མཐུན་སྒྲིལ་ཡང་ཡག་པོ་ཡོང་མི་ཐུབ། དེའི་ཆེས་གཞི་རྩ་ནི་མི་སེམས་གཅིག་ཏུ་འགྲིལ་བ་དང་། རང་གཞན་བརྗེ་རེས། སེམས་པ་གཏད་རེས་བཅས་བྱེད་རྒྱུ་དེ་ཡིན་པ་དང་། ཆེས་གཙོ་བོ་ནི་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོ་སྟངས་འཛིན་ནན་པོ་བྱེད་རྒྱུ་དེ་ཡིན་པ། ཆེས་འགག་རྩ་ནི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་འཐབ་ཇུས་ཀྱི་ལས་འགན་མཐའ་འཁྱོངས་དང་དོན་འཁྱོལ་བྱ་རྒྱུ་དེ་ཡིན། ཉེ་བའི་ལོ་ཤས་རིང་རང་ལྗོངས་སུ་རྒྱ་ཁྱབ་ངང་སྤེལ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏོད་འདེམས་བྱེད་སྒོ་དང་། འགོ་ཁྲིད་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ་བྱེད་པ། དེ་བཞིན་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་བའི་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པ་སོགས་ཀྱི་བྱེད་སྒོས་ཏང་གི་དྲོ་སྐྱིད་དེ་མང་ཚོགས་ཀྱི་སེམས་དབུས་སུ་ཏན་ཏིག་ངང་ཚོར་བ་དང་། མང་ཚོགས་ལ་ལས་བཟང་དང་དོན་དངོས་བསྒྲུབས་པས་ང་ཚོའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བར་མང་ཚོགས་ཀྱི་ལྷད་མེད་བརྩེ་སེམས་ཐོབ་ནས་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཆེན་པོ་ཕྱིན་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་རང་ལྗོངས་ཀྱི་རིམ་ཁག་རྩ་འཛུགས་དང་རིམ་ཁག་ཏང་ཡོན་ལས་བྱེད་པས་ད་ཡོད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཟམ་མི་ཆད་པར་ཕྱོགས་སྡོམ་བྱས་ཏེ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱས་ནས་བསམ་བློའི་བརྩེ་དུང་ཐད་མི་རིགས་ཁག་གི་མང་ཚོགས་དང་སྔར་བས་ཉེ་བཅར་དང་། གཞི་རིམ་དུ་མང་ཙམ་སྐྱོད་པ། མང་ཚོགས་ཀྱི་ཁྱིམ་དུ་མང་ཙམ་སྐྱོད་པ། མི་རིགས་ཁག་གི་མང་ཚོགས་དང་རྒྱུན་དུ་ཅི་འཕྲོས་མོལ་འཕྲོས་བཤད་པ། མང་ཚོགས་ཀྱི་རེ་སྒུག་ཤེས་རྟོགས་མང་ཙམ་བཤད་པ། འཁྱགས་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་བྱ་བ་མང་ཙམ་བསྒྲུབས་པ་བཅས་བྱེད་དགོས།

    གྲུ་ཡི་ཤེད་ཤུགས་གྲུ་གཡོར་ཐུག་པ་དང་། མི་ཡི་སྟོབས་ཤུགས་སེམས་ལ་ཐུག་ཡོད། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་རང་ལྗོངས་ཀྱི་སྤུན་ཟླ་མི་རིགས་ཁག་གིས་སེམས་མཐུན་སྟོབས་སྒྲིལ་བྱེད་དགོས། ང་ཚོས་མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་དེ་རང་གཞན་བརྗེ་རེས་དང་སེམས་པ་གཏད་རེས་མཐའ་འཁྱོངས་བྱེད་ཐུབ་ཚེ། སྤུན་ཟླ་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་ནས་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་མཛེས་སྡུག་དེ་བས་ལྡན་པའི་འབྱུང་འགྱུར་ཤར་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།