དབུ་ཤོག>གསར་འགྱུར།
  • རང་ལྗོངས་ཀྱི“གཅིག་སྡུད་གཉིས”ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་ འཕེལ་རིམ་བདེ་བླག་ཡིན་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-09

    213196_yis_1443331798643.jpg

    “གཅིག་སྡུད་གཉིས”ཀྱི་འདུ་འགོད་ལག་བསྟར་བྱས་པ་དེས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། དམངས་འཚོའི་བདེ་སྐྱིད་ཏན་ཏིག་ངང་ཆེ་རུ་གཏོང་བ། མི་སེམས་འགུགས་པ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་རྒན་རྒོན་ལྟ་སྐྱོང་ཁང་གི་རྒན་རྒོན་གྱིས་གཟུགས་གཞི་བརྟག་དཔྱད་དང་ལེན་བྱེད་པའི་གནས་ཚུལ་ཡིན་པ།

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་ལྗོངས་ཀྱི་འཆར་འགོད་ནང་གསར་སྐྲུན་བྱ་རྒྱུ་ཡིན་པའི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་63དང་ས་ཁུལ(གྲོང་ཁྱེར)གྱི་བྱིས་པའི་ཕན་བདེ་ཁང་9ཡི་རྣམ་གྲངས་འཕེལ་རིམ་བདེ་བླག་ཡིན་ཞིང་། མ་དངུལ་དོན་འཁྱོལ་ལ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་རྣམ་གྲངས་ཀྱི་རང་སྐྱོང་ལྗོངས་ཀྱིས་འགན་འཁུར་བའི་ཆ་ཤས་ཚང་མ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་རྣམ་གྲངས་མ་དངུལ་གྱི་སྔོན་ཉར་མ་དངུལ་10%ཕུད་དེ་བྱིངས་ཚང་མ་དོན་འཁྱོལ་བྱས་པ་རེད།

    “དཀའ་ངལ་ཡོད་པའི་མང་ཚོགས་དང་ཉམས་ཞན་ཚོགས་སྤྱིས་དེ་བས་ལེགས་པའི་སྒོ་ནས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་ཆེད། རང་སྐྱོང་ལྗོངས་ཀྱིས་འགན་ལེན་ལྔའི་དུད་ཚང་དང་དྭ་ཕྲུག་གི་འཚོ་བར་ཚད་མཐོའི་མཐོང་ཆེན་གནང་ནས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་གྱི་གཅེས་སེམས་ལས་གྲྭ་བཏོད་པ་དང་འབྲེལ། ལག་བསྟར་བྱས་ཡོད”ཅེས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་སྐལ་བཟང་རིན་ཆེན་གྱིས་བཤད། ལས་གྲྭ་ལག་བསྟར་བྱས་པའི་རྨང་གཞིའི་ཐོག རང་སྐྱོང་ལྗོངས་ཀྱིས་ད་དུང་བསྙེན་བཀུར་གྲོན་དངུལ་དང་མི་སྣ་བཀོད་སྒྲིག་སོགས་ཀྱི་སྲིད་ཇུས་དང་ལམ་ལུགས་ལྷན་དུ་བཟོ་རྒྱུ་རེད། སྐབས་དེ་དུས་རང་ལྗོངས་ཀྱི་འགན་ལེན་ལྔའི་བསྙེན་བཀུར་དང་དྭ་ཕྲུག་ལ་ཁྱོན་ཡོངས་ནས་རོགས་སྐྱོབ་བྱེད་པའི་ལས་དོན་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་6དང་བྱིས་པའི་ཕན་བདེ་ཁང་1དང་། གཞིས་རྩེ་གྲོང་ཁྱེར་དུ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་13དང་བྱིས་པའི་ཕན་བདེ་ཁང་2 ལྷོ་ཁ་ས་ཁུལ་དུ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་12དང་བྱིས་པའི་ཕན་བདེ་ཁང་1 ཉིང་ཁྲི་གྲོང་ཁྱེར་དུ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་7དང་བྱིས་པའི་ཕན་བདེ་ཁང་1 ཆབ་མདོ་གྲོང་ཁྱེར་དུ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་11དང་བྱིས་པའི་ཕན་བདེ་ཁང་2 ནག་ཆུ་ས་ཁུལ་དུ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་9དང་བྱིས་པའི་ཕན་བདེ་ཁང་1 མངའ་རིས་ས་ཁུལ་དུ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་5དང་བྱིས་པའི་ཕན་བདེ་ཁང་1བཅས་བསྐྲུན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།