དབུ་ཤོག>གསར་འགྱུར།
  • ཞིང་འབྲོག་ལས་ལས་དམངས་ལ་ཕན་པ་ཐོབ་ཕྱིར“བློ་ཁོག”ལ་བརྟེན་ནས་དོན་གཉེར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཧྥུང་ཆི་ཡིས།   |     སྤེལ་དུས།  2015-10-09

    རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞིང་འབྲོག་ལས་ཀྱིས་གལ་འགངས་ཆེ་བའི་གནས་བབ་བཟུང་ཡོད་པ་ནི་ཤོད་མི་དགོས་པ་ཞིག་ཡིན། འོན་ཀྱང་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པར་བརྟེན་ས་བོན་ཞན་དུ་འགྲོ་བ་དང་ཞིང་འབྲོག་ཐོན་ཟོག་སྣ་ཁར་ཚོད་འཛིན་ཕོག་ནས་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་དཀའ་གནད་མི་ཉུང་བ་ཞིག་འཕྲད་པ་མ་ཟད། ཞིང་འབྲོག་ཐོན་ཟོག་གིས་མང་ཚོགས་ལ་ཕན་པ་སྦྱིན་རྒྱུར་ཡང་ཤུགས་རྐྱེན་ཐེབས་ཡོད། འོན་ཀྱང“འབྲུ་རིགས་བརྟན་པོ་དང་དེའི་བདེ་འཇགས་སྲུང་བའི”མཐའ་མའི་མཚམས་ཐིག་གིས་ང་ཚོས་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བའི་བླང་བྱ་བཏོན་ཡོད། ང་ཚོར་འབྲུ་རིགས་འདང་ངེས་དགོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཡོད་པ། གྲོང་མིའི“ཤ་ཚལ་སྒོང་གསུམ”གྲ་རྒྱས་ཕུན་ཚོགས་བཅས་ཡོང་ཆེད་ང་ཚོས་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་མདུན་དུ་མགོ་སྒུར་རྒྱུ་མེད།

    དཀའ་ངལ་བསུས་ནས་མདུན་སྐྱོད་བྱས་ཏེ་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར། ང་ཚོས་བློ་ཁོག་ཆེན་པོ་ཚོད་ལྟ་དང་། བློ་ཁོག་ཆེན་པོས་འཚོལ་ཞིབ། བློ་ཁོག་ཆེན་པོས་ཤེས་རྟོགས་བཅས་བྱེད་དགོས། ད་ཕན་ལོ་ཤས་རིང“བོད་ནས་ཨང་2000”ཁྱབ་གདལ་དང་། ས་གཙང་ལྷད་མེད་ཐོན་ལས་དར་བ། དམངས་ཕན་ཐད་ཚོང་རླངས་འཁོར་སྤྱོད་པ་སོགས་ཞིང་འབྲོག་ལས་འཕེལ་རྒྱས་དང་འབྲེལ་བའི་ཚན་རྩལ་མ་འཇོག་དང་། རྟེན་གཞི་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། རྣམ་གྲངས་རེ་ཞུ། སྲིད་ཇུས་རོགས་སྐྱོར་སོགས་ཀྱིས་ཞིང་འབྲོག་ལས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་སྦྱིན་ཡོད། ཞིང་འབྲོག་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རིམ་གྱིས་ཆེ་རུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་ཕྱིན་པའི་ཐོག་ཞིང་འབྲོག་ཐོན་ཟོག་ལ་ཟུར་སྣོན་རིན་ཐང་ལྡན་འགོ་ཚུགས་ལ། གྲོང་མིས་རང་ཁྱིམ་གྱི་སྒོ་རྩ་ནས་ཕན་པ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

    བློ་ཁོག་ཆེན་པོས་ཚོད་ལྟ་དང་། བློ་ཁོག་ཆེན་པོས་འཚོལ་ཞིབ། བློ་ཁོག་ཆེན་པོས་ཤེས་རྟོགས་བཅས་ཀྱི་བྱེད་ཐབས་ཀྱིས་ཞིང་འབྲོག་ལས་དོན་པས་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཁྱད་བསད་བྱེད་པའི་བསམ་བློ་དང་ངོས་འཛིན་དང་དེ་བཞིན་ཕམ་ཡང་མི་སྐྲག་པར་ཚོད་ལྟ་ཡང་ཡང་བྱ་རྒྱུའི་བསམ་བློ་ལྡན་པར་གྱུར་ཡོད། མ་འཇོག་དང་། ཚན་རྩལ། སྲིད་ཇུས་ཀྱི་རོགས་སྐྱོར་སོགས་མཐར་མི་ཐོག་ཏུ་དོན་འཁྱོལ་བྱེད་དགོས། ཞིང་འབྲོག་ལས་དོན་པ་ནི་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྒུལ་ཤུགས་སྦྱིན་མཁན་ཞིག་ཡིན་པར་བརྟེན། ཁོང་ཚོར་ལས་ཀའི་ཆ་རྐྱེན་དེ་བས་ཡག་པོ་གཏོད་པ་དང་ལས་དོན་ཁྲོད་ཁོང་ཚོས་བློ་ཁོག་ཆེན་པོས་ཚོད་ལྟ་དང་། བློ་ཁོག་ཆེན་པོས་འཚོལ་ཞིབ། བློ་ཁོག་ཆེན་པོས་ཤེས་རྟོགས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་རིན་ཐང་དང་དོན་སྙིང་ལྡན་པའི་བྱེད་ཐབས་དང་ཉམས་མྱོང་ཁྱབ་གདལ་ཧུར་ཐག་བཏང་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་གསར་གཏོད་ནུས་པ་འདོན་སྤེལ་དང་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་རྒྱུ། དམངས་འཚོ་ལེགས་སུ་གཏོང་རྒྱུ་བཅས་ལ་རྒྱབ་སྐྱོར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།