“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད། ཅེས་པ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་བསམ་འདུན་ཡིན་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་དམིགས་ཚད་ཅིག་ཀྱང་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བརྩེ་བ་ཟབ་པའི་བཀའ་མོལ་ཐོག་ནས་ཀྲུང་གོའི་ཕུགས་འདུན་གྱི་ལྟེ་བའི་རིན་ཐང་གསལ་བཤད་ཟབ་མོ་གནང་ཁར་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་སྟོབས་ཤུགས་གནས་སའང་གསལ་སྟོན་གནང་ཡོད་པ་རེད།
ཕུགས་འདུན་ཡོད་ཚེ་རེ་བ་ལྡན། རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ཚེ་མི་དམངས་ཚང་མ་གཞི་ནས་ཡག་པོ་ཡོང་ཐུབ། “རྒྱལ་ཁབ་སྟོབས་འབྱོར་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད”བཅས་ཀྱི་ཕུགས་འདུན་དེ་ནི་མི་རིགས་བསྐྱར་དར་ཡོང་བའི་མི་རིགས་ཁག་གི་མི་དམངས་ཚོའི་ཕུགས་འདུན་བཟང་པོ་ཞིག་ཡིན་པ་དང་། “སྔར་བས་ལེགས་པའི་སློབ་གསོ་དང་། སྔར་བས་བརྟན་པའི་ལས་ཀ སྔར་བས་བློ་ཡིད་ཚིམ་པའི་ཡོང་འབབ། སྔར་བས་བརྟན་པའི་སྤྱི་ཚོགས་འགན་བཅོལ། སྔར་བས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། སྔར་བས་སྐྱིད་སྣང་དོད་པའི་སྡོད་གནས་ཆ་རྐྱེན། སྔར་བས་མཛེས་སྡུག་ལྡན་པའི་ཁོར་ཡུག”དང“ཕྲུ་གུ་ཚོ་སྔར་བས་འཚར་ལོངས་ཡག་པ་དང་། སྔར་བས་ལས་ཀ་ཡག་པ། སྔར་བས་འཚོ་བ་ཡག་པ”བཅས་ཀྱི་ཕུགས་འདུན་ནི་མི་རིགས་ཁག་གི་མི་དམངས་ཚོས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་བསམ་འདུན་ཞིག་ཀྱང་རེད། ཕུགས་འདུན་ཐད་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད། “དཔལ་འབྱོར་གང་མྱུར་གོང་འཕེལ་དང་། སྤྱི་ཚོགས་ཀྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་བ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་བྱུང་བ”བཅས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀུན་གྱིས་དོ་སྣང་བྱེད་པའི“བོད་ཀྱི་གོམ་སྟབས”ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པར“མི་རིགས་གཅིག་ཀྱང་ཉུང་ན་མི་འགྲིག་པའི”དམིགས་ཡུལ་གྱི་དད་སེམས་དང་བརྩེ་བ་ཟབ་མོ་མངོན་པ་དང་། “བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཕ་ཡུལ་ཡིད་འོང་། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན”བཅས་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྲུན་ཐུབ་རྒྱུའི་འཆར་གཞི་ཡག་པོ་བཀོད་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་པའི་གངས་ལྗོངས་ས་མཐོར་ད་ཆ་ལྟར་གྱི་ཕུགས་འདུན་འགྲུབ་ཐུབ་པ་ཞིག་བྱུང་མྱོང་མེད།
ཀྲུང་གོའི་ཕུགས་འདུན་འདི་ཉིད་དོན་དངོས་སུ་འགྱུར་བ་བྱེད་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་དང་འདྲ་བར་བོད་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་པ་དང་དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་འགག་རྩ་ཞིག་རེད། མེས་རྒྱལ་མ་ཡུམ་གྱི་པང་དུ་དྲོ་སྐྱིད་ཆེན་པོ་ལྡན་པ་དང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ནི་ང་ཚོས་ཕུགས་འདུན་དོན་གཉེར་དང་འགྲུབ་པར་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན། མི་རིགས་མཐུན་སྒྲིལ་ལྡན་པའི་མི་དམངས་ནི་བདེ་སྐྱིད་ཆེ་ཤོས་ཡིན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་བའི་བློ་སྟོབས་བརྟན་པ་དང་ཁྱེད་ཀྱི་ཁྲོད་བདག་ཡོད་པ་དང་བདག་གི་ཁྲོད་ཁྱེད་ཡོད་པ་བྱས་ནས་སྤུན་ཟླའི་དབར་བརྩེ་བ་ཟབ་པ་དང་གཅེས་སྲུང་རོགས་རེས་བྱས་ཚེ་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་སྟོབས་ཤུགས་ཆེན་པོ་ཞིག་ང་ཚོས་གཅིག་ཏུ་བསྒྲིལ་ཐུབ་ངེས་ཡིན།
འབད་འཐབ་བྱས་ཚེ་འབྱུང་འགྱུར་གཏོད་ཐུབ། “མི་དམངས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་རྒྱུ་དེ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན”མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་མི་དམངས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པའི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་ནི་དུས་རབས་ཀྱིས་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིར་དཀྲིས་པའི་གཟི་བརྗིད་ལས་འགན་ཞིག་ཡིན། ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་། འཆར་གཞི་མཐའ་གཅིག་ཏུ་འགོད་པ། དམིགས་ཚད་མཐའ་གཅིག་ཏུ་སྒྲུབ་པ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་ལེགས་སུ་གཏོང་རྒྱུར་དམིགས་པ། མི་སེམས་གཅིག་ཏུ་བསྒྲིལ་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ལ་ཟམ་མི་ཆད་པར་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཚེ་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྩ་བའི་རྨང་གཞི་སྔར་བས་བརྟན་དུ་གཏོང་ཐུབ།