དབུ་ཤོག>གསར་འགྱུར།
  • མི་རིགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་གལ་ཆེ་དང་འཐབ་ཇུས་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-07

    “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང”དང“མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་དང་བརྟན་ལྷིང་ལ་སྲུང་སྐྱོང་སྔར་བས་ཡག་པོ་བྱེད་དགོས་པ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྔར་བས་མགྱོགས་སུ་གཏོང་དགོས། མི་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ཐོག་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་གལ་ཆེ་དང་འཐབ་ཇུས་ལས་འགན་ཁ་གསལ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ང་ཚོའི་གོམ་སྟབས་ལ་ཁ་ཕྱོགས་ཡང་དག་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད།

    “འབྱོར་འབྲིང་ཡིན་མིན་དེ་གཙོ་བོ་ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཇི་འདྲ་ཡོད་མེད་ལ་ལྟ་དགོས”འཕེལ་རྒྱས་ཀྱི་དམིགས་ཡུལ་མཐར་ཐུག་ནི“མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ལེགས་སུ་གཏོང་རྒྱུ”དེ་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྩ་བའི་ཆ་ནས་འཕེལ་རྒྱས་ལ་བརྟེན་དགོས། ངེས་པར་ཏུ་གཅིག་སྡུད་ཡུག་འབྲེལ་གྱི་དབུལ་ཕོངས་ས་ཁུལ་གྱི་ལྗོངས་ཀྱི་གནས་ཚུལ་འདི་ལ་གཞི་བཙུགས་ནས་དམངས་ཕྱུག་བོད་དར་བྱེད་རྒྱུ་མཐའ་འཁྱོངས་དང་། དམངས་འཚོའི་ཁྲིད་སྟོན་འབུར་དུ་ཐོན་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་འབབ་ས་འདི་གཉིས་དམ་འཛིན་ལྷོད་མེད་བྱེད་པ། ཞན་ཆའི་ཐོག་ནུས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སུ་སྤྱོད་དུ་འཇུག་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་འབུར་དུ་ཐོན་པར་བྱེད་པ། དབུལ་ཕོངས་སུ་འགྱུར་བའི་རྐྱེན་གྱི་འགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་མི་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལེགས་སུ་གཏོང་དགོས།

    ཞི་མཐུན་བརྟན་ལྷིང་ནི་དམངས་འཚོ་ཆེ་ཤོས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་སྔོན་འགྲོ་ཡིན། བོད་ལྗོངས་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་ཡིན། རང་ལྗོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་ནི་རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱེད་ཐུབ་མིན་དང་ཡང་འབྲེལ་བ་ཡོད། དེར་བརྟེན་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་དམ་འཛིན་ལྷོད་མེད་བྱས་ཐོག་ཁྲིམས་ལྟར་བོད་སྐྱོང་རྒྱུ་མཐའ་འཁྱོངས་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་།བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་བྱས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་གཏོར་བརླག་གཏོང་བའི་བྱེད་སྤྱོད་ཡོད་དོ་ཅོག་ལ་མཐའ་གཅིག་ཏུ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ཁྲིམས་ལྟར་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་རྒྱུ་མཐའ་འཁྱོངས། མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་བཅས་བྱས་ནས་རང་ལྗོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། མཐུན་སྒྲིལ་དང་འཕེལ་རྒྱས་ནི་མི་རིགས་ལས་དོན་གྱི་ལྟེ་བ་གཉིས་ཡིན་ལ་འཕེལ་རྒྱས་ཀྱིས་མཐུན་སྒྲིལ་ལ་སྐུལ་འདེད་དང་། མཐུན་སྒྲིལ་གྱིས་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པར་མི་རིགས་མཐུན་སྒྲིལ་དམ་འཛིན་ལྷོད་མེད་བྱེད་དགོས། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་བྱས་ཐོག་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་བསམ་བློ་གཏོང་ས་དང་ཤུགས་རྒྱག་སར་བཟུང་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་མཐའ་འཁྱོངས་བྱེད་པ་དང་། མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་སྔར་བས་དོ་ཁུར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱེད་ཤུགས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་སེམས་དང་སྟོབས་ཤུགས་ཚང་མ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུའི་ཐད་གཅིག་སྒྲིལ་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།