དབུ་ཤོག>གསར་འགྱུར།
  • “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་སྲོལ་རྒྱུན་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་གྱིས་ཤིག

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-05

    “མི་རིགས་ཁག་གོང་བུ་གཅིག་ཏུ་འགྲིལ་བ་ནི་ཕ་མེས་ཚོས་ང་ཚོར་བཞག་པའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ལ། རང་རེའི་རྒྱལ་ཁབ་ཀྱི་ལེགས་ཆ་གལ་ཆེན་ཞིག་ཀྱང་རེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དེས་རང་རྒྱལ་གྱི་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་གསོན་ཉམས་དོད་པོས་རྒྱས་བཤད་བྱས་པ་ཞིག་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་སྲོལ་རྒྱུན་བཟང་པོའི་གལ་ཆེའི་རང་བཞིན་དར་རྒྱས་ཤུགས་ཆེན་གཏོང་དགོས་པའི་ནན་བཤད་བྱས་པ་ཞིག མི་རིགས་མཐུན་སྒྲིལ་གྱི་ཁ་ཕྱོགས་དང་ཐབས་ལམ་ལ་ཤུགས་སྣོན་རྒྱག་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་ཞིག་བཅས་དུས་བབ་གསར་པའི་འོག་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་གཞི་འཛིན་ས་ཞིག་རེད།

    “ཕན་ཚུན་དབར་གྱི་བརྩེ་སེམས་ཇ་ཚྭ་འདྲེས་དང་མཚུངས”མི་རིགས་མཐུན་སྒྲིལ་ནི་བོད་འཕེལ་རྒྱས་དང་བརྟན་ལྷིང་གི་རྩ་བ་གནས་ཡུལ་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཁྲི་300ལྷག་ཙམ་གྱི་ཐུན་མོང་གི་བསམ་འདུན་གཅིག་ཏུ་སྦྲེལ་ཡུལ་ཡང་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད། མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས་མི་རིགས་མཐུན་སྒྲིལ་དམ་འཛིན་ནན་པོ་བྱས་ཏེ་མེས་རྒྱལ་གྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ་ཡང་དག་མཐའ་འཁྱོངས་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བརྗོད་བྱ་གཙོ་བོ་ཁོང་དུ་ནན་པོ་ཆུད་པ་བྱེད་པ། མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས།ཞི་མཐུན་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱས་ཚེ་ང་ཚོས་གཞི་ནས་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་དང་ས་མཐོའི་ཡུན་རིང་བདེ་འཁོད་ཆེད་གཞི་རྩའི་འགན་ལེན་མཁོ་འདོན་བྱེད་ཐུབ།

    མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་གཏོད་པའི་བླང་བྱ་ཡིན་ནའང་འདྲ་ཡང་ན་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དམིགས་ཚད་གང་ཞིག་ཡིན་རུང་དེའི་ལྟེ་བའི་ནང་དོན་ཚང་མ་ནི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་སྲོལ་རྒྱུན་བཟང་པོ་དེར་གཅེས་སྤྲས་ལྡབ་བརྒྱ་དང་དར་སྤེལ་ཤུགས་ཆེན་བཏང་སྟེ་མཐུན་སྒྲིལ་དང་ཞི་མཐུན་སྤྱི་ཚོགས་ཀྱི་ཐུན་མོང་རིན་ཐང་ལ་བརྩིས་ནས་དོན་གཉེར་བྱ་རྒྱུ་དེ་རེད།

    མི་རིགས་མཐུན་སྒྲིལ་ནི་མཁའ་རླུང་དང་ཉི་འོད་ལྟ་བུ་ཡིན་པས་ཕན་པ་ཐོབ་རུང་དེ་ཙམ་ཚོར་མི་ཐུབ་པ་དང་དེ་མེད་པར་གྱུར་ཚེ་འཚོ་ཐབས་བྲལ། ནམ་མཁའ་གཅིག་གི་འོག་ཏུ་འཚོ་གནས་བྱེད་པ་དང་ས་གཞི་གཅིག་གི་ཐོག་ཏུ་འཚོ་གནས་བྱེད་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་ནན་ལེན་པ་དང་། མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་དགོས་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་དགོས།

    མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བའི་གཙོ་གནད་ནི་ལག་ལེན་དང་གཏམ་སྤྱོད་ལ་རག་ལུས་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ད་རེས་སྤྱི་ཁྱབ་ཧྲུའུ་ཅིའི་མཇལ་འཕྲད་ཐོབ་པའི་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་5པོར་སློབ་སྦྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བའི་མིག་དཔེ་བརྩོན་ལེན་བྱེད་པ་དང་གོང་འོག་དང་རྒྱབ་མདུན་གང་སར་མི་གཅིག་ལྟར་བྱེད་ཐུབ་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དང་བསམ་ཕྱོགས་རྒྱུན་གཏན་འཚོ་བའི་གཏམ་སྤྱོད་ལ་འགྱུར་བ་བྱེད་དགོས།

    མི་སེམས་མཐུན་ཚེ་རི་བོ་ཐའེ་ཧྲན་ཡང་གནས་སྤོ་བྱེད་ཐུབ། མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་སྲོལ་རྒྱུན་གྱིས་དེ་སྔ་བོད་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་། ད་ཆ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་འགན་ལེན་བྱེད་པ། སླད་ཕྱིན་ཡང་གསོན་ཤུགས་ཧ་ཅང་ཆེན་པོ་ལྡན་ངེས་རེད། ད་ཆའི་ས་མཐོའི་བུ་ཕྲུག་ཚོས་གསར་བརྗེ་པ་དང་འཛུགས་སྐྲུན་པ་རྒན་རབས་ཚོའི་ལག་ནས་མི་རིགས་མཐུན་སྒྲིལ་གྱི་དར་ཆ་བླངས་ཏེ་དེ་མུ་མཐུད་མཐོན་པོར་གཡོ་ཐུབ་པ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་ས་མཐོར་བཞད་ཐུབ་པ་དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་སྲོལ་རྒྱུན་བཟང་པོ་མི་རབས་ནས་མི་རབས་བར་དར་སྤེལ་གཏོང་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།