དབུ་ཤོག>གསར་འགྱུར།
  • རྩི་ཤིང་ལོ་འདབ་རྒྱས་པ་འབྲས་བཟང་སྨིན་པའི་སྔ་ལྟས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-05

    དབྱར་གཞུང་གི་གངས་ལྗོངས་ས་མཐོར་གཏིང་ཟབ་ལ་བབ་ཆགས་པའི་ཏང་གི་སློབ་ཚན་རེ་རེ་ལས་ཚང་མར་སློབ་གསོ་ཡག་པོ་ཐེབས་པ་དང་། བླང་བྱ་ནན་པོ་དང་བྱ་ཐབས་དྲང་པོར་བརྟེན་ནས་སྒྱིད་ལུག་དང་ལེ་ལོའི་བྱེད་སྤྱོད་ལ་རྒོལ་ལན་སློག་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ལྷག་པར་དུ‘ནན་གསུམ་དྲང་གསུམ’གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་། བསམ་བློའི་ཉམས་འགྱུར་བཟང་པོ། ལས་ཀའི་སྤྱོད་ཚུལ་ཏན་ཏིག་བཅས་ཀྱིས་ལྗོངས་ཡོངས་ཀྱི‘ནན་གསུམ་དྲང་གསུམ’གྱི་ཆེད་དོན་སློབ་གསོ་ཡག་པོ་སྤེལ་ཐུབ་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུན་རིང་བདེ་འཁོད་ལ་སྒུལ་ཤུགས་ཆེན་པོ་དང་འགན་ལེན་ཤུགས་ཆེན་བྱེད་དགོས”ཞེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚང་མར་གོ་རྟོགས་ཟབ་མོ་ལྡན་པ་དང་བསམ་གཞིག་ཟབ་མོ་བྱེད་དགོས་པའི“ནན་གསུམ་དྲང་གསུམ”གྱི་ཆེད་དོན་ཏང་གི་སློབ་ཚན་ཞིག་ཁྲིད་གནང་བ་རེད།

    ཧྲུའུ་ཅི་ཁྲེན་ཆོན་གོའི་སྐུལ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་ངང་འཆད་སྟེགས་སུ་འཛེགས་ནས་རང་སོ་སོས་ཁག་བགོས་དོ་དམ་བྱེད་པའི་ལས་ཀའི་ཁྱབ་ཁོངས་སམ། ཡང་ན། འབྲེལ་གཏུག་ས་ཚིགས་སུ་ཏང་ཡོན་ལས་བྱེད་པ་ཚོར་གཏིང་ཟབ་པ་དང་། གསོན་ཉམས་ལྡན་པ། དངོས་སྒྲུབ་བཅས་ཀྱི“ནན་གསུམ་དྲང་གསུམ”གྱི་ཆེད་དོན་ཏང་གི་སློབ་ཚན་འཚོགས་ནས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོར་མིག་དཔེ་བཏོན་པ་དང་འགོ་ཡག་པོ་ཞིག་བཙུགས་པ་རེད།

    “ནན་པོ་ཅན”གྱི་བླང་བྱར་གཞིགས་ཏེ་ཏང་གི་སློབ་ཚན་ཏན་ཏིག་འཚོགས་པ།

    “ཧྲུའུ་ཅི་ཁྲེན་ཆོན་གོས་ཏང་གི་སློབ་ཚན་དང་པོ་དེ་ཁྲིད་གནང་ནས། ང་ཚོར་དཔེ་སྟོན་དང་མིག་དཔེ་བཏོན་པ་མ་ཟད། ‘ནན་གསུམ་དྲང་གསུམ’གྱི་ཆེད་དོན་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད”ཅེས་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་ཆིང་ཆི་ཡིས་ཏང་གི་སློབ་ཚན་ཚོགས་ཐེངས་རེར་ངོས་འཛིན་བྱེད་ལུགས་བརྗོད་པ་རེད།

    “‘ནན་གསུམ་དྲང་གསུམ’གྱི་ཆེད་དོན་ཏང་གི་སློབ་ཚན་འཚོགས་པ་བརྒྱུད་ངས་ཤེས་བྱ་མང་པོ་ཞིག་ཤེས་བྱུང་། ང་ཚོས་ཆེད་དོན་སློབ་གསོ་དེ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་དང་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་བུད་མེད་བྱ་གཞག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ཐོག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་ལས་བཟོའི་ལས་ཀའི་སྤྲོ་སེམས་དང་ཡར་བརྩོན་སྙིང་སྟོབས་སྐུལ་སྤེལ་གང་ལེགས་བྱེད་པ་དང་། རང་དཔེ་གཞན་སྟོན་དང་ཁ་བཤད་ལག་བསྟར་བྱས་ནས། རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་སྐས་རིམ་གསར་པར་སླེབས་ཐུབ་པའི་སེམས་ཐག་བཅད་པ་ཡིན”ཞེས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོའུ་ཧྲི་དབྱིང་གིས་དེ་ལྟར་བཤད།

    ཏང་གི་སློབ་ཚན་ཡག་པོ་འཚོག་ཆེད། ལྷ་ས་གྲོང་ཁྱེར་གྱིས་བྱ་ཐབས་དང་། གོ་རིམ། དུས་ཚོད་བཅས་བཀོད་སྒྲིག་ནན་པོ་དང་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ། མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་གཏིང་ཟབ་ཀྱིས་ཐོན་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ནས་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ་དང་སྦྲགས། གཙོ་གནད་འབུར་དུ་ཐོན་པ་དང་བསམ་བློ་ནས་ཏང་འཛུགས་སྐྱོང་དང་། རང་བཤེར་རང་བཅོས། ཏང་གཤིས་དབྱེ་ཞིབ། གནད་དོན་ཐག་གཅོད། ཆེད་དོན་བཅོས་སྒྲིག་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ་ཆེད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱས་པ་རེད།

    གཙོ་འགན་ཁུར་མཁན་གྱིས་སྣེ་ཁྲིད་དེ་མིག་དཔེ་བཏོན་པ།

    “ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་ལས་གནས་ཀྱི་འགན་འཁྲི་དང་། བསམ་བློ་དངོས། ལས་ཀའི་རྣམ་འགྱུར་བཅས་མངོན་པར་བྱས་ཏེ་གནད་དོན་བཙལ་ནས་འབྱུང་རྩ་བསྙེགས་ཏེ་ལག་ལེན་བསྟར་རུང་བའི་དག་ཐེར་བྱེད་ཐབས་འདོན་དགོས”

    ཤུགས་དང་ལྡན་ལ་སློབ་གསོ་གཏིང་ཟབ་ཐེབས་པའི་སྐད་ཆ་རེ་རེ་དང་སེམས་ཁམས་ལ་གཡོ་འགུལ་ཆེན་པོ་ཐེབས་པའི་སྤེལ་རེས་དང་མྱོང་ཚོར་རེ་རེ་ལས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་བསམ་བློར་ཞུན་བརྡར་ཐུབ་ནས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།

    ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་ཚོས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་སྤྱི་ཡོངས་ཀྱི་བླང་བྱ་དང་། གཞི་རྩའི་རྩ་དོན། བྱེད་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་དང་ཞིབ་ཚགས་ངང་སྒྲིག་འཛུགས་བྱས་ཐོག ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་དང་། བསམ་བློའི་ཉམས་འགྱུར་བཟང་པོ། ལས་ཀའི་སྤྱོད་ཚུལ་ཏན་ཏིག་བཅས་ཀྱིས་ཆེད་དོན་སློབ་གསོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    གཙོ་འགན་འཁུར་མཁན་གྱིས་སྣེ་ཁྲིད་དེ་ཏང་གི་སློབ་ཚན་འཚོགས་པ་དང་ཏང་གི་སློབ་ཚན་ཚོགས་ཐེངས་རེ་རེའི་བརྗོད་བྱ་གཙོ་བོ་གསོན་ཉམས་དོད་པ་དང་། གོ་དོན་གཏིང་ཟབ་པ། དབྱེ་ཞིབ་མཐར་ཕྱིན་པ། གསལ་བཤད་ཁ་གསལ་བ་བཅས་རིགས་པའི་གཞུང་ལུགས་རང་བཞིན་དང་བསམ་བློའི་རང་བཞིན་ལྡན་ཡོད་ལ། དམིགས་སའི་རང་བཞིན་དང་ཁྲིད་སྟོན་རང་བཞིན་ཤུགས་ཆེན་ལྡན་པས། ཏང་གི་སློབ་ཚན་འཚོགས་པའི་བརྒྱུད་རིམ་དེ་ཏང་གཤིས་ཟབ་ཏུ་གཏོང་བ་དང་། ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ནུས་པ་གོང་མཐོར་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་གྱུར་ནས། ལྗོངས་ཡོངས་ཀྱིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུར་དགེ་མཚན་ལྡན་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་ཐོན་པ་རེད།

    སྦྱངས་པ་བྱ་སྤྱོད་དུ་བསྒྱུར་བར་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ།

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་ཏང་གི་སློབ་ཚན་ལས་ཁུངས་ནས་ཐག་རིང་ལུང་ཁུག་རི་གྲོང་དང་ཞིང་ནང་དང་མུ་ཁར་འཚོགས་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ནན་གསུམ་དྲང་གསུམ”གྱི་སྐུལ་སྤེལ་གཏོང་མཁན་དང་ལག་ལེན་བསྟར་མཁན་ཞིག་བྱ་རྒྱུའི་སྐུལ་མ་ཐེབས་པ་དང་། ནན་པོ་དང་དྲང་པོའི་སྒོ་ནས་གྲོང་ཚོའི་ལས་དོན་ལ་སྐུལ་འདེད་བཏང་སྟེ“ནན་གསུམ་དྲང་གསུམ”དོན་ཐོག་ཏུ་འཁྱོལ་ནས་གྲོང་ཚོའི་འཕེལ་རྒྱས་དོན་གཉེར་དང་མང་ཚོགས་ལ་དཀའ་གནད་སེལ་རོགས་དངོས་སུ་ཐུབ་པ་རེད།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བའི་ཚོད་ལྟ་བྱ་ཡུལ་དུ་བྱས་ཤིང་། ཉམས་ཞན་སྒྲིག་བཀོད་སྒྱུར་བཀོད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་འཕྲོད་བསྟེན་དོ་སྙོམས་ཅན་གྱི་ཆུ་ཚད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། གཞི་རྩའི་སྨན་བཅོས་འགན་ལེན་ལམ་ལུགས་དང་སྨན་བཅོས་སྒྲིག་གཞི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་བའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། མང་ཚོགས་ལ་གྲུབ་འབྲས་ཏན་ཏིག་དང་དངོས་ཕན་ཏན་ཏིག་ཐོབ་ཐུབ་པར་བྱས་པ་རེད།

    འདི་ལོའི་ཟླ་བ་བཞི་པ་ནས་བཟུང་། ཀོང་པོ་རྒྱ་མདའ་རྫོང་གི་རིམ་ཁག་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་ལེན་བསྟར་རྒྱུ་དེ་གྲོང་ཚོར་བཅའ་སྡོད་ཀྱི“ལས་འགན་ཁག་ལྔ”དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། འདྲེན་རྟེན་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཐོག “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་ནས་བསམ་བློ་དང་བྱ་སྤྱོད་ནས“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་ལེན་བསྟར་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།