དབུ་ཤོག>གསར་འགྱུར།
  • བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་ཐུན་མོང་ཐོག་རྩོམ་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-05

    “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད” སྟོན་ཟླ་བཅུ་པར། ཆུ་མོ་དྭངས་ཤིང་ནམ་མཁའ་སྔོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་66འཁོར་བའི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རང་ལྗོངས་ཀྱི་འཐུས་མི་5ཚུད་པའི་རྒྱལ་ཡོངས་ཀྱི་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་13ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་སྟེ། ཁོང་ཚོ་དང་མཉམ་དུ་མི་རིགས་མཐུན་སྒྲིལ་སྐོར་གླེང་ནས་མེས་རྒྱལ་གྱི་འཁྲུངས་སྐར་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ནས་དུས་བབ་གསར་པའི་འོག་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་ལ་མཛུབ་སྟོན་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུའི་དོན་སྙིང་གལ་ཆེན་སྐོར་ལ་གསོན་ཉམས་དོད་པོས་རྒྱས་བཤད་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་བ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་སྐོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་མི་རིགས་ཁག་གི་སྣ་མང་གཞི་གཅིག་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད་པའི་སྐོར་གྱི་འཐབ་ཇུས་དགོངས་པ་གང་ལེགས་མངོན་པ། སྤྱི་ཁྱབ་ཧྲུའུ་ཅིས་གྲངས་ཉུང་མི་རིགས་སྤུན་ཟླའི་བདེ་སྡུག་ལ་བླ་ན་མེད་པའི་བརྩེ་སེམས་འཆང་ལུགས་གང་ལེགས་མངོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་དམིགས་བསལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་བཅས་ལས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་དང་།

    བརྩི་སྲུང་བྱ་ཡུལ་མཁོ་འདོན་གནང་བ། སྒུལ་ཤུགས་གསར་པ་བསྣན་ཡོད།

    “ཆུ་ལ་ཆུ་མགོ་ཡོད་པས་དེའི་ཆུ་རྒྱུན་དུ་དབུལ་པོ་ཆགས་མི་སྲིད་པ་དང་། ཤིང་ལ་རྩ་བ་ཡོད་པས་དེའི་རྒྱུད་དུ་འཚོ་བ་སྐྱེལ་མཁན་དབུལ་པོ་ཆགས་མི་སྲིད” གནའ་སྔ་མོ་ནས་བཟུང་། བོད་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་དང་རླབས་ཆེན་མེས་རྒྱལ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དང་། མི་རིགས་ཁག་གིས་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོའི་ཐོག་ཁྲག་རྒྱུན་ཕན་ཚུན་འབྲེལ་བ་དང་ཉ་ཆུ་ལྟ་བུའི་བརྩེ་དུང་གི་ཐོག་ནས་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་ཞིག་བརྩམས་ཡོད། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་གནས་ས་ཞིག་ཡིན་ལ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག མི་རིགས་མཐུན་སྒྲིལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ལ་སྐུལ་འདེད་བཏང་ན། ང་ཚོས་གཞི་ནས་བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་དང་། གཞི་ནས་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་ཆེད་རྩ་བའི་འགན་ལེན་མཁོ་འདོན་བྱེད་ཐུབ།

    “མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ནི་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེན་པོ་གནང་བ་ཞིག་རེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་དེ་བླ་ན་མེད་པའི་འགན་འཁྲི་ཞིག་ཏུ་བརྩི་བ་དང་། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་གཏོད་རྒྱུ་དམིགས་ཡུལ་དུ་བཟུང་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་བཏང་ནས་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་ཐུན་མོང་ཐོག་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།