དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི་ཕུགས་འདུན་མངོན་དུ་འགྱུར་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-02

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་66འཁོར་བའི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་13ལ་མཇལ་འཕྲད་གནང་ནས། ཁོང་ཚོ་དང་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་སྐོར་གླེང་བ་དང་མཉམ་དུ་མེས་རྒྱལ་འཁྲུངས་སྐར་ལ་སྨོན་འདུན་ཞུས་པ་རེད། དེ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཚོན་ཚུལ་ཡིན་པ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླར་བྱམས་བརྩེའི་ཐུགས་ཁུར་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་གྱི་ཡོད།

    མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཀྲ་ཤོས་དང་། མི་རིགས་མཐུན་སྒྲིལ་གྱི་འབྲས་བུ་མངར་ཤོས། མི་རིགས་མཐུན་སྒྲིལ་གྱི་མི་དམངས་བདེ་སྐྱིད་ཆེ་ཤོས། མི་རིགས་མཐུན་སྒྲིལ་གྱི་རྒྱལ་ཁབ་མངའ་ཐང་རྒྱས་ཤོས་བཅས་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་66རིང་། མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་པའི་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཆེས་ཆེར་འཕར་བ། གཞོན་ནུ་ལོ་ཆུང་གི་སློབ་གསོ་དང་ལེན་བྱེད་ཚད་བརྟན་པོའི་ངང་མཐོ་རུ་སོང་བ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་བརྒྱུད་པའི་འོད་སྟོང་འབར་བའི་ལམ་བུ་དང་མི་རིགས་ས་ཁུལ་ལ་ཐོབ་པའི་དགའ་བ་སྐྱེ་འོས་པའི་གྲུབ་འབྲས་ལས། མི་རིགས་མཐུན་སྒྲིལ་ནི་རྩྭ་ཐང་སྟེང་གི་ཉི་འོད་དང་། ལྷང་ལྷང་དུ་རྒྱུག་པའི་གངས་ཆུ། ལྟ་ན་སྡུག་པའི་མཛེས་ལྗོངས་བཅས་དང་འདྲ་བར་འཕེལ་རྒྱས་ཡར་རྒྱས་ཀྱི་རྨང་རྡོ་དང་མི་དམངས་བདེ་སྐྱིད་ཀྱི་སྔོན་འགྲོ་ཡིན་པ་གང་ལེགས་མཚོན་གྱི་ཡོད།

    “མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ”ཡིན་པ་དང“མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚང་མས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་དང་། རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་ལྟར་མི་རིགས་མཐུན་ལ་སྒྲིལ་བརྩི་མཐོང་བྱེད་དགོས”ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་མཐོ་ཚད་ནས་མི་རིགས་མཐུན་སྒྲིལ་མང་ཚོགས་ལམ་ཕྱོགས་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོ་དང་བདེ་སྡུག་ལ་ཐུགས་ཁུར་དང་མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་ཞི་མཐུན་ལ་མཐོང་ཆེན་གནང་ཡོད། གནད་སྨིན་དབུལ་སྐྱོར་གྱི་ལམ་སྲོལ་འཛུགས་པ་དང་། མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་སེལ་བ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མི་དམངས་དམག་འཁྲུག་ལེགས་པར་རྒྱག་པ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཧུར་ཐག་བྱེད་པ་སོགས། ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་དང་འཐབ་ཇུས་ལས་འགན་སྔར་བས་གསལ་པོ་བཟོས་ཏེ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་མི་རིགས་ཁག་གི་སྤུན་ཟླའི་བདེ་སྐྱིད་འཚོ་བར་ཁ་ཕྱོགས་བསྟན་ཡོད།

    “ཀྲུང་གོའི་ཕུགས་འདུན་མདོར་བསྡུས་ནས་བཤད་ན་མི་དམངས་ཀྱི་ཕུགས་འདུན་ཡིན་པས། ངེས་པར་དུ་མི་དམངས་ལ་བརྟེན་ནས་མངོན་འགྱུར་ཡོང་བར་བྱེད་པ་དང་། ངེས་པར་དུ་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་བ་སྐྲུན་དགོས”ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་ནི་ཡུ་གུར་རིགས་ཀྱི་ཨེན་ཉིང་ཝར་ལྕམ་སྲིང་གི“བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་རྒྱ་གྲམ་ཚེམས་དྲུབ་ལས་མཚོན་པའི་སྙིང་གཏམ་དང་།  “རྒྱ་རིགས་པ་ཕ”སུང་ཡུས་ཀང་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཉིན་གཅིག་ལྟར་བོད་རིགས་ཕྲུ་གུར་རོགས་སྐྱོར་བྱས་པའི་བརྩེ་བ།  ཨུའུ་ཡུན་སུའུ་ཡུས་ལ་དང་ཏུའུ་ལི་ཆུན་སོགས་སྤུན་ཟླ་དུང་ཕྱུར་དུ་མའི་ཐུན་མོང་གི་བསམ་འདུན་བཅས་རེད།

    བློ་བསམ་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་ཆེས་རྩ་བ་ནི་མི་སེམས་གཅིག་ཏུ་སྒྲིལ་བ་དེ་ཡིན་པ་དང་། ཆེས་སྲོག་ཤིང་ནི་མི་རིགས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོ་ཁོང་དུ་ནན་པོ་ཆུད་པ་བྱ་རྒྱུ་དེ་ཡིན་པ། ཆེས་འགག་རྩ་ནི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་དང་འཐབ་ཇུས་ལས་འགན་མཐའ་འཁྱོངས་དང་དོན་འཁྱོལ་བྱ་རྒྱུ་དེ་རེད།  

    གྲུའི་སྟོབས་ཤུགས་གྲུ་གཡོར་དང་མིའི་སྟོབས་ཤུགས་སེམས་ལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལས་དོན་ལེགས་པར་སྒྲུབ་པའི་ཆེས་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དེ་ཡིན་པ་དང་། གོ་ཆོད་ཤོས་ནི་མི་སེམས་བརྩོན་ལེན་བྱ་རྒྱུ་དེ་རེད”ཅེས་གསུངས་པ་ལྟར་རེད། མི་རིགས་ཁག་གི་སྤུན་ཟླས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རྡོ་ཁབ་ལེན་ལྟར་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཚེ། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཁྱོན་ཡོངས་ནས་མདུན་ཕྱོགས་སུ་སྐུལ་མ་བཏང་སྟེ། མི་རིགས་བསྐྱར་དར་གང་མྱུར་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ངེས་རེད།  

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།