དབུ་ཤོག>གསར་འགྱུར།
  • བོད་བཟོའི་ཁྱིམ་ཆས་ཐོན་ལས་ཀྱིས་ཇི་ལྟར་བྱས་ནས“འཆིང་རྒྱ་ལས་ཐར་བ”བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལེའོ་ཡུན་ལུའུ་ཡིས།   |     སྤེལ་དུས།  2015-10-01

    ཕྱོགས་གཅིག་ནས་སྲོལ་རྒྱུན་གྱི་བོད་བཟོའི་ཁྱིམ་ཆས་ཚོང་གཉེར་བྱེད་སྟངས་ལ། དཀའ་གནད་འཕྲད་པ་དང་ཕྱོགས་གཞན་ཞིག་ནས“དྲ་བར་ཞུགས་པ”བརྒྱུད་ཐོན་རྫས་གསར་པ་བཏོན་ནས་འགྱུར་ལྡོག་ཁྲོད་དུ་འཚོ་ཐབས་བྱེད་པ་དེ་ཡིན། གསར་འགོད་པས་བཅར་འདྲི་བྱེད་སྐབས་རང་ལྗོངས་ཀྱི་བོད་བཟོའི་ཁྱིམ་ཆས་འཕེལ་རྒྱས་གཏོང་རྒྱུ་དེ་འགྱུར་ལྡོག་གི་འགག་རྩའི་དུས་སུ་སླེབས་པའི་ཚོར་སྣང་བྱུང་ཞིང་། ཇི་ལྟར་བྱས་ནས་འཆིང་རྒྱ་ལས་ཐར་བའི་གནས་ལུགས་འཚོལ་རྒྱུ་དེ་ནི་བོད་བཟོའི་ཁྱིམ་ཆས་ཐོན་ལས་དང་རིག་གནས་སྲུང་སྐྱོབ་ཡག་པོ་བྱེད་པའི་འགག་རྩའི་གནས་ཤིག་ཡིན།

    བོད་བཟོའི་ཁྱིམ་ཆས་ཐོན་ལས་སུ་ལོ་མང་ལས་ཀ་བྱེད་མྱོང་ཡོད་པའི་ལས་རིགས་ནང་ཁུལ་གྱི་མི་སྣ་ཁག་གཅིག་གིས་ཕྱོགས་སྡོམ་བྱས་པ་ལྟར། དེང་སྐབས་བོད་བཟོའི་འཛིན་ཆས་ཐོན་ལས་འཕེལ་རྒྱས་གཏོང་བར་གཤམ་གསལ་གྱི་གནད་དོན་གནས་པ་སྟེ། གཅིག་ནི། འཛིན་ཆས་ཐོན་སྐྱེད་བཟོ་གྲྭར་རང་བརྟེན་སྤུས་རྟགས་མེད་པ་དང་། བདག་དབང་གི་འདུ་ཤེས་མེད་སྟབས་ཚང་མས་ལད་མོ་བྱེད་པའི་སྣང་ཚུལ་རྒྱུན་མི་ཆད་པ་དང་བཟོ་གྲྭ་ཁག་གཅིག་དོ་དམ་ཟང་ཟིང་ཡིན་ཁར་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་སེམས་ཤུགས་ཡོད་ཀྱང་ནུས་ཤུགས་ཀྱིས་མི་འདང་བ་དང་། གཉིས་ནི། བོད་བཟོའི་ཁྱིམ་ཆས་ཚོང་རའི་གཞི་ཁྱོན་ཆེན་པོ་མེད་པ་དང་། ཚོང་ར་ཁག་གི་ཐོན་རྫས་འདྲ་པོ་ཡོད་པ་དང་། ལྟེ་བའི་འགྲན་རྩོད་ནུས་པ་མེད་པ། གསུམ་ནི། དུས་བབ་གསར་པའི་འོག་གི་གློག་རྡུལ་ཚོང་དོན་སྟེགས་བུ་དང་ཟུང་འབྲེལ་བྱེད་ཚད་མི་འདང་བ་དང་ཆེད་ལས་ཚོགས་པ་དཀོན་སྟབས་ཚོང་ལམ་ལ་ཚོད་འཛིན་ཕོག་པ་བཅས་རེད།

    གོང་གསལ་གྱི་འཆིང་རྒྱ་ལས་ཐར་བ་བྱེད་པར་ཐོན་སྐྱེད་དང་། ཚོང་གཉེར། དེ་བཞིན་ཐོན་ལས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་སོགས་ཕྱོགས་མང་མཉམ་དུ་མདུན་སྐྱོད་བྱེད་དགོས་པ་སྟེ།

    དང་པོ། བོད་བཟོའི་ཁྱིམ་ཆས་ཐོན་སྐྱེད་དང་འཆར་འགོད་བྱེད་སྐབས་ཁྲོམ་རའི་དགོས་མཁོར་བསམ་གཞིག་བྱེད་དགོས་པ་དང་ལྕོག་ཙེ་དང་། ཆ་སྒམ། ཉལ་ཁྲི་སོགས་བོད་བཟོའི་ཁྱིམ་ཆས་ཀྱིས་མི་རྣམས་ལ་རྣམ་པ་གསར་རྐྱང་དུ་གྱུར་པ་ལྟ་བུའི་འགྱུར་ལྡོག་གི་ཚོར་སྣང་སྤྲོད་ཐུབ་ཚེ་གཞི་ནས་འཛད་སྤྱོད་པའི་ཡིད་དབང་འགུགས་ཐུབ་པ་དང་།

    གཉིས་པ། བོད་བཟོའི་ཁྱིམ་ཆས་བྲིན་ཚོང་བྱེད་སྐབས་སྤུས་དག་གི་བསམ་བློ་ཁོ་ན་གཏོང་རྒྱུ་མེད་པར་དྲ་སྦྲེལ་དང་དུས་རབས་མཉམ་དུ་སྦྲེལ་བའི་བསམ་བློ་གཏོང་ཕོད་པ་བྱས་ཏེ་ཚོང་ལས་ཀྱི་གོ་སྐབས་ཐོབ་པ་བྱེད་དགོས་པ།

    གསུམ་པ། ས་གནས་དེ་གའི་བོད་བཟོའི་ཁྱིམ་ཆས་ཐོན་ལས་མཐུན་ཚོགས་བཙུགས་ནས་རིགས་རྐྱང་པ་ཁོ་ནར་བརྟེན་པའི་བོད་བཟོའི་ཁྱིམ་ཆས་བཟོ་ཁང་ཆུང་གྲས་ཀྱི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཆེད་ཚོང་ཚོང་ར་ཆེ་གྲས་སྒྲིག་འཛུགས་བྱས་ནས་བོད་བཟོའི་ཁྱིམ་ཆས་དེ་ཁྲོམ་ར་དང་སྦྲེལ་མཐུད་ཐུབ་པ་བྱེད་པ། བོད་བཟོའི་ཁྱིམ་ཆས་ཐོན་ལས་ཀྱི་བཟོ་རྩལ་རིགས་དབྱེའི་ཚད་གཞི་བཟོས་ཏེ་བོད་བཟོའི་ཁྱིམ་ཆས་འཕེལ་རྒྱས་གཏོང་རྒྱུ་དེ་ཆུ་ཚད་དམའ་ལ་སྤུས་ཀ་གཅིག་མཚུངས་ཀྱི་འགྲན་རྩོད་ལས་གཡོལ་ཐབས་སོགས་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།