དབུ་ཤོག>གསར་འགྱུར།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་ནས《པོ་ཧའེ་མཐའ་སྐོར་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་རྩ་གནད》ལ་མོས་མཐུན་གནང་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-09-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཙུང་ལི་ལི་ཁེ་ཆང་གིས་མཚན་བཀོད་ཞིབ་མཆན་གནང་བ་བརྒྱུད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་ནས《པོ་ཧའེ་མཐའ་སྐོར་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་རྩ་གནད》ལ་མོས་མཐུན་གནང་བ་རེད། 《རྩ་གནད》ཁྱབ་བསྒྲགས་བྱས་པས། པོ་ཧའེ་མཐའ་འཁོར་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་།“རྒྱུད་གཅིག་ལམ་གཅིག”ལག་བསྟར་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    《རྩ་གནད》ནང་པོ་ཧའེ་མཐའ་སྐོར་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། འཕེལ་རྒྱས་ཀྱི་དམིགས་ཚད། བར་མཐོངས་ཀྱི་བཀོད་སྒྲིག་བཅས་གསལ་པོ་བཏོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། “རྒྱུད་གཅིག་ལམ་གཅིག”ལག་བསྟར་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་ཏན་ཏིག་བྱས་ནས་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་མཐུན་ཡོང་བ་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམིགས་ཚད་གཙོ་བོར་བརྩིས་ནས། ནུས་པ་གཙོ་བོ་གཏན་འཁེལ་དང་། རང་ངོས་ཀྱི་ལེགས་ཆ་གཞིར་བཟུང་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་ཧུར་ཐག་གཏོང་བ་དང་། ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ། མཉམ་ལས་ལམ་ལུགས་དང་ལམ་སྲོལ་གསར་གཏོད་ཧུར་ཐག་བཅས་བྱེད་དགོས་པ། རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་དང་། སྣོད་བཅུད་ཁོར་ཡུག་མཉམ་འགོག་མཉམ་བཅོས། ཐོན་ལས་འཕེལ་རྒྱས་མཉམ་རོགས་མཉམ་སྒྲུབ། ཁྲོམ་རའི་གྲུབ་ཆ་སྦྲེལ་མཐུད་གཏད་རྒྱུག སྤྱི་ཚོགས་འགན་སྲུང་མཉམ་སྐྱོང་མཉམ་སྤྱོད་བཅས་གཙོ་གནད་དུ་འཛིན་ནས། པོ་ཧའེ་མཐའ་སྐོར་ས་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་རང་རྒྱལ་དཔལ་འབྱོར་འཕར་བ་དང་ཕྱོགས་སྒྱུར་རིམ་སྤོར་གྱི་སྒུལ་ཤུགས་གསར་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལམ་ལུགས་གསར་གཏོད་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དུ་ཁ་ཕྱོགས་པའི་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་མཉམ་ལས་ཀྱི་སྒོ་མོ་བཅས་སུ་འགྱུར་བ་བྱེད་དགོས་པ་བཏོན་གནང་ཡོད།

    པོ་ཧའེ་མཐའ་སྐོར་ས་ཁུལ་ནི་རང་རྒྱལ་གྱི་ཧྭ་བྱང་དང་། བྱང་ཤར་། ནུབ་བྱང་བཅས་ས་ཁུལ་ཆེན་པོ་གསུམ་གྱི་འབྲེལ་མཚམས་སུ་ཡོད། དེའི་ནང་པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན། ལེའོ་ཉིང་ཞིང་ཆེན། ཧྲན་ཤིས་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས་བཅས་ཚུད་ཡོད། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་186ཟིན་པའི་ས་ཁུལ་དེ་ས་རྒྱ་ཆེ་ཞིང་སྐམ་མཚོ་དང་སྦྲེལ་བ། ས་ཁོངས་ཆ་རྐྱེན་ལེགས་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཡོད། དེ་ནི་རང་རྒྱལ་གྱི་ཕྱོགས་བསྡུས་ལེགས་ཆ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་དཔལ་འབྱོར་འཕར་སྣེའི་གྲས་ཤིག་ཡིན་པས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།