དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་པུས་ནང་སོག་གི་ཐན་སྐྱོན་ལ་རྒྱལ་ཁབ་ཀྱི་རིམ་པ་Ⅳཡི་གེགས་སེལ་འཕྲལ་སྡོམ་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-09-29

    ཚེས་27ཉིན་གྱི་ཆུ་ཚོད་བཅུ་པར་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་ཡིས། ཉེ་དུས་ནང་སོག་རང་སྐྱོང་ལྗོངས་སུ་ཐན་སྐྱོན་ཚབས་ཆེན་ཕོག་ནས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པར་དམིགས་ཏེ། རྒྱལ་ཁབ་ཀྱི་རིམ་པ་Ⅳཡི་གེགས་སེལ་འཕྲལ་སྡོམ་བྱ་སྤྱོད་སྤེལ་ཞིང་། ལས་དོན་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་དུ་གནོད་འཚེ་ཕོག་ཚུལ་ལ་ལྟ་ཞིབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོབ་ལས་དོན་ཡག་པོ་སྤེལ་བར་གཞོགས་འདེགས་དང་ཁྲིད་སྟོན་བྱེད་པར་བཏང་བ་རེད།

    ནང་སོག་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་སྙན་ཞུར་གཞིགས་ན། ཟླ་བདུན་པའི་ཚུན་དུ་ནང་སོག་དབུས་ནུབ་རྒྱུད་ཀྱི་ས་ཆ་མང་ཆེ་བ་དང་། ཤར་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ། ཧུའུ་ལུན་པེའར་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་བཅས་ལ་ཆར་པ་བབ་ཚད་ཧའོ་སྨི་100ཡང་མ་ཟིན་པར། ནམ་རྒྱུན་ལས་ཆར་པ་བབ་ཚད་བཅུ་བཞི་ནས་དགུ་བར་ཉུང་དུ་སོང་བའི་ནང་། པ་ཡན་ནའོ་གྲོང་ཁྱེར་དང་། ཨོའར་ཏོ་སི་གྲོང་ཁྱེར་གྱི་བྱང་རྒྱུད། པའོ་ཐའུ་གྲོང་ཁྱེར། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་ས་ཁུལ་མང་ཆེ་བ། ཨུ་ལན་ཁྲ་པོ་གྲོང་ཁྱེར་གྱི་བྱང་རྒྱུད། ཤིས་ལིན་ཀུའོ་ལེ་མོང་གི་ནུབ་རྒྱུད་བཅས་ལ་ཆར་པ་བབ་ཚད་བཅུ་ཆ་ལྔ་ཉུང་དུ་སོང་ཡོད་པ་རེད། ཟླ་བདུན་པ་ཤར་ཚུན་ལྗོངས་ཡོངས་ལ་ཆ་སྙོམས་ཆར་པ་བབ་ཚད་ཧའོ་སྨི་104.9ལས་མ་ཟིན་པ་དེ་ལོ་རྒྱུས་ཐོག་གི་དུས་མཚུངས་ལས་ཆ་སྙོམས་ཆར་པ་བབ་ཚད་ཧའོ་སྨི་54.9ཉུང་དུ་སོང་བ་དང་། 1961ལོའི་ཚུན་གྱི་ཆར་པ་བབ་ཚད་དམའ་ཤོས་ཡིན་པ་རེད། ཟླ་9ཚེས་27ཉིན་བར་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཐན་སྐྱོན་ཕོག་ནས་པ་ཡན་ནའོ་གྲོང་ཁྱེར་དང་། ཨོའར་ཏོ་སི་གྲོང་ཁྱེར། པའོ་ཐའུ་གྲོང་ཁྱེར། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར། ཨུ་ལན་ཁྲ་པོ་གྲོང་ཁྱེར། ཤིས་ལིན་ཀུའོ་ལེ་མོང་། ཧུའུ་ལིན་པེའར་གྲོང་ཁྱེར། ཁྲེ་ཧྥུང་གྲོང་ཁྱེར། ཐུང་ལེའོ་གྲོང་ཁྱེར། ཤིང་ཨན་མོང་བཅས་མོང་དང་གྲོང་ཁྱེར་11གི་ཆི་དང་རྫོང་64ཡི་མི་ཁྲི་361.8ལ་གནོད་འཚེ་ཕོག་པ་དང་། ཞིང་ལས་སྐྱེ་དངོས་སྤྱི་ཆིང་སྟོང་1968ལ་གནོད་འཚེ་ཕོག་པའི་ནང་། ཞིང་ཁ་སྤྱི་ཆིང་སྟོང་323ལ་་སྟོན་ཏོག་གཏན་ནས་མ་བྱུང་བ། མི་ཁྲི་102ཀྱི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་ཕོག་ཚད་སྒོར་དུང་ཕྱུར་65ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།