དབུ་ཤོག>གསར་འགྱུར།
  • ལོ་རྒྱུས་ལ་བརྟེན་ནས་སྐད་ཆ་ཤོད་པ་དང་དོན་དངོས་ལ་བརྟེན་ནས་གཏམ་བཤད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-29

    “ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ངེས་པར་དུ་ཡང་དག་པའི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་དང་། འཆར་འགོད་དང་སྟོབས་ཤུགས་བསྡུ་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ལོ་རྒྱུས་ཀྱི་དཔྱད་གཞི་འཚོལ་བསྡུ་དང་ལེགས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གླེང་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལོ་རྒྱུས་ལ་བརྟེན་ནས་སྐད་ཆ་ཤོད་པ་དང་དོན་དངོས་ལ་བརྟེན་ནས་གཏམ་བཤད་བྱེད་དགོས”ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བསྟན་གནང་བའི་བླང་བྱ་དེས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་རླབས་ཆེན་དོན་སྙིང་དང་ལོ་རྒྱུས་ཀྱི་གནས་བབ་དང་དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་ཆུ་གཞུང་གི་གཞོམ་མེད་བྲག་རིའི་ནུས་པ་སོགས་གནད་དོན་ཞིབ་འཇུག་བྱ་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་ཁྲག་དྲི་བྲོ་ཞིང་། རི་འགོག་དམག་འཁྲུག་ཁྲོད་ཀྲུང་གོའི་དམག་དམངས་ཁྲི་3500ལྷག་ཙམ་འཆི་རྨས་བྱུང་བ་དེའི་ནང་དམག་དཔུང་གི་མི་ཁྲི་380ལྷག་ཙམ་འཆི་རྨས་བྱུང་བ་དང་། རི་དམག་གིས་དམར་གསོད་དང་འཛིན་བཟུང་བྱས་པ་ཁྲི་150ལྷག་ཙམ་ཟིན་པ། རི་པིན་བཙན་འཛུལ་དམག་གིས་ཀྲུང་གོར་ཐེངས་གཅིག་རང་ལ་མི་800ཡན་འཆི་རྨས་བཏང་བའི་གདུག་རྩུབ་ཆེ་བའི་གྱོད་གཞི་ཉུང་མཐར་ཡང་ཐེངས་173བཟོས་པ་ལ་སོགས་ཁྲག་དྲི་བྲོ་བའི་དོན་དངོས་ལས་གཡུལ་འགྱེད་ཀྱི་དར་ཆ་འཚོས་ཡོད་ལ་རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པ་དེ་ཁས་མ་བླངས་ཐབས་མེད་དུ་གྱུར་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཏུ་གྱུར་ཡོད།

    བློ་ཕམ་དགོས་པ་ཞིག་ནི་རི་པིན་གྱི་གཡས་རུའི་ཕྱོགས་གཏོགས་ཀྱིས་བཙན་འཛུལ་གྱི་ལོ་རྒྱུས་དེ་འཛེམས་བག་མེད་པར་ཁས་མ་བླངས་པ་དང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཡོངས་བསྒྲགས་ངང་འགྲན་སློང་བྱས་ཐོག་ལོ་རྒྱུས་ཀྱི་སློབ་གཞི་གཡོ་བཅོས་བྱེད་པ་དང་། རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུ་བ། མཉམ་སྡེབ་རང་སྲུང་དབང་ཆ་བཙན་ཤེད་ངང་བཀག་རྒྱ་གློད་པ་སོགས་དགོད་བྲོ་བའི་གནས་ཚུལ་ཟམ་མི་ཆད་པར་ཐོན་པ་དང་དབུ་བཞུགས་བློན་ཆེན་ཨན་པེས་འདི་ལོའི་ཟླ་5པར་རྒྱལ་ཚོགས་ཏང་གི་འགོ་ཁྲིད་ཀྱི་རྩོད་གླེང་ནང《པོ་ཚེ་ཐན་སྤྱི་བསྒྲགས》ཀྱི་རི་པིན་གྱི་བཙན་འཛུལ་དམག་འཁྲུག་གི་ངོ་བོ་གཏན་འཁེལ་བྱས་པར་ཡོངས་བསྒྲགས་ངང་ཁས་མ་བླངས་པའི་ཁ་ཆད་རྒྱབ་བསྐྱུར་གྱི་བྱེད་སྤྱོད་དེ་ལྟ་བུ་ནི་ཧང་སངས་དགོས་པ་ཞིག་རེད།

    ལོ་རྒྱུས་ནི་རིག་པ་དྭངས་གསལ་ཡོ་བྱད་ཡག་ཤོས་དེ་ཡིན་ཞིང་། སྦས་གསང་དང་། བརྗེད་པ། འཁྱོག་བཤད་བཅས་ལས་ཞི་བདེའི་བྱ་གཞག་འབྲས་མེད་དུ་འགྱུར་སྲིད་པ་དང་དམག་རྒྱལ་རིང་ལུགས་རོ་ལངས་བརྒྱབ་ཚེ་གནོད་འཚེ་རྫོགས་མེད་ཐོན་ངེས་རེད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་དངོས་གཙོའི་ལོ་རྒྱུས་ལྟ་བའི་ཐོག་ནས་ལོ་རྒྱུས་ངོས་འཛིན་དང་རྒྱས་བཤད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བདེན་པ་བདེན་ཐུབ་དང་ཡང་དག་པའི་ལོ་རྒྱུས་དཔྱད་གཞི་འདེགས་སྐྱོར་དུ་བྱས་ནས་ཞིབ་འཇུག་དང་དབྱེ་ཞིབ་ཞིབ་ཚགས་བྱས་ཚེ་གཞི་ནས་འཇུག་བསྡོམས་དེ་བས་བློས་འགེལ་ཆོག་པ་དང་གོ་བསྐོན་སློབ་གསོ་གཏོང་ཤུགས་དེ་བས་ཆེ་བའི་ཐོག་ནས་ལོ་རྒྱུས་འཁྱོག་བཤད་བྱ་རྒྱུའི་རེ་ངན་འཆང་མཁན་དང་བཙན་འཛུལ་དམག་འཁྲུག་ཁས་མི་ལེན་པ་དང་དེ་ཡང་དག་པར་འཛིན་པའི་ནོར་འཁྲུལ་གྱི་གཏམ་བརྗོད་ལ་ཡ་ལན་ནུས་ལྡན་ཞིག་བསློགས་ཏེ་མི་དེ་བས་མང་བས་ལོ་རྒྱུས་ལ་བརྟེན་ནས་དོན་དངོས་མཐོང་ཐུབ་པར་བྱས་ཏེ་འཛམ་གླིང་ཞི་བདེ་དང་བདེན་དོན་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།