དབུ་ཤོག>གསར་འགྱུར།
  • བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ལྗོངས་སུ་ཧུར་ཐག་སྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-29

    མཐུན་སྒྲིལ་བྱས་ན་སྟོབས་ཤུགས་འཕེལ། འབད་འཐབ་བྱས་ན་ཕུགས་འདུན་འགྲུབ།

    ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གི་གསུང་བཤད་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50 འཁོར་བའི་རྟེན་འབྲེལ་ཆེ་མོའི་ཚོགས་ཆེན་ཐོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ཀྱི་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོར་ཕྱོགས་སྡོམ་དང་གཟེངས་བསྟོད་བྱས་པ་དེས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སླར་ཡང་སྐུལ་སློང་དང་སླར་ཡང་བཀོད་སྒྲིག་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་དང་། བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ལྗོངས་སུ་སྐྲུན་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་རྒྱུ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཐོ་ཚད་ཐོག་ནས་མི་རིགས་ལས་དོན་གྱི་སྤྱི་ཡོངས་དང་ཕུགས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་གསར་གཏོད་ཀྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་འདོམས་གསར་པ། བླང་བྱ་གསར་པ་བཅས་མང་པོ་བཏོན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐོག་འཇོག་དགོས”ཞེས་ཁ་གསལ་བཏོན་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད། རྒྱས་བཤད་དང་མཛུབ་སྟོན་གལ་ཆེན་དེ་དག་གི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང་རིགས་པའི་གཞུང་ལུགས་གལ་ཆེན་གྱི་ལྟ་བ་གང་ལེགས་མངོན་པ་དང་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ཡོད་དེ་ནི་དུས་བབ་གསར་པའི་འོག་གི་མི་རིགས་མཐུན་སྒྲིལ་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད།

    ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱས་བཤད་དང་མཛུབ་སྟོན་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཐོག་མི་རིགས་ལས་དོན་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་སྔར་བས་ཆེ་རུ་བཏང་ནས་བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ལྗོངས་སུ་ཧུར་ཐག་སྐྲུན་དགོས།

    བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ལྗོངས་སུ་ཧུར་ཐག་སྐྲུན་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་སྐྱོད་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱས་ཏེ་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་དང་ཁྲིམས་སྐྱོང་གི་ལམ་བུའི་ཐོག་མི་རིགས་ཀྱི་གཞི་རྒྱུ་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། མི་རིགས་ཁག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཕྱོགས་ཁག་གི་ཁེ་དབང་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱེད་པ། མི་རིགས་ཁག་གི་མང་ཚོགས་གཞི་གཅིག་ཏུ་སྒྲིལ་རྒྱུར་ཁྲིད་སྟོན་བྱེད་པ། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་མཉམ་ལས། ཕན་ཚུན་རོགས་རམ་བཅས་བྱེད་པ། ཕན་ཚུན་དབར་མི་རིགས་ཀྱི་སྐད་ཡིག་སྦྱོང་བ་དང་། མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་དད་ལ་བརྩི་འཇོག་བཅས་བྱས་ཏེ་སྤེལ་རེས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་མི་རིགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་དགོས།

    བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ལྗོངས་སུ་ཧུར་ཐག་སྐྲུན་པར་ངེས་པར་དུ་མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ལ་བརྩི་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། དཔུང་སྡེ། དགོན་སྡེ་བཅས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ། “མོས་སེམས་ལྔར”ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག རླབས་ཆེན་མེས་རྒྱལ་ཡག སྒྱུར་བཅོས་སྒོ་དབྱེ་ཡག མི་རིགས་ཁག་གི་མང་ཚོགས་ཡག མི་དམངས་དམག་དཔུང་ཡག་བཅས་ཀྱི་བརྗོད་བྱ་གཙོ་བོ་མངོན་པ་བྱེད་དགོས། རྣམ་པའི་ཐད་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་། ནང་དོན་ཐད་མང་ཚོགས་དང་འབྲེལ་བ་ཟབ་མོ་ལྡན་པ། གྲུབ་འབྲས་ཐད་མང་ཚོགས་དང་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་གཞིར་བཟུང་བྱེད་སྒོ་གསར་གཏོད་བྱ་རྒྱུ་དེ་མི་རིགས་ཁག་གི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་མི་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་ནང་ཞུགས་པ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་གཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བསམ་བློའི་རྩ་བའི་རྨང་གཞི་བརྟན་དུ་གཏོང་དགོས།

    བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ལྗོངས་སུ་ཧུར་ཐག་སྐྲུན་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགག་རྩ་དེ་ཏང་དང་མི་ལ་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་རིགས་ཀྱི་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་སེམས་ལ་འཇོག་པ་དང་དམ་པོར་བཟུང་བ་དང་། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་ལྟེ་བའི་ལས་དོན་དང་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར་བཅས་བྱེད་དགོས། ཏང་གི་ལས་བྱེད་པའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དད་སེམས་བརྟན་པོ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། སྲིད་སྒྲུབ་དངོས་གཉེར། འགན་འཁྲི་ཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པ་བཟང་པོའི་ཚད་གཞི་ལྟར་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་ཡག་པོ་བདམས་ནས་བྱང་ཚད་མཐོ་བའི་མི་རིགས་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་ཧུར་ཐག་སྐྲུན་དགོས།

    དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁྲི་ལྕི་བ་མ་ཟད། འོས་འགན་ཡང་གཟི་བརྗིད་ལྡན་པ་ཞིག་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་སྐྱོད་དེ་བསམ་བློ་གཅིག་གྱུར་དང་། ཀུན་སེམས་གཅིག་སྒྲིལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་མཛེས་སྡུག་དང་། མཐུན་སྒྲིལ། ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་ཧུར་ཐག་སྐྲུན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།