ཟླ་མཆོད་དུས་ཆེན་རིང་། རང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་དཔོན་དམག བོད་སྡོད་དཔུང་སྡེ་བཅས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཆེན་ལ་འཚམས་འདྲི་གནང་ལུགས་མཚོན་པར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་འཚམས་འདྲིའི་དངོས་པོ་དང་དངུལ་བསྐྱལ་ནས་ཟླ་མཆོད་དུས་ཆེན་མཉམ་དུ་དགའ་གཏོང་བྱས་ཤིང་། འདི་ནི་ཉིང་ཁྲི་སྤྱི་བདེ་མཐའ་སྲུང་ཉིང་ལག་རུ་ཁག་གིས་སྤེལ་བའི“དམངས་གཅེས་དང་། དམངས་རོགས། དམངས་ཕན”བཅས་ཀྱི་བྱེད་སྒོའི་ཁྲོད་རྫ་ཡུལ་རྫོང་མཐའ་སྲུང་རུ་ཆེན་སྤང་ངག་ཐང་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་གིས་ས་སྐྱོང་གྲོང་ཚོའི་ཏེང་པ་བ་སུང་ཧྭ་ལུང་ནང་མིར་ཟླ་མཆོད་དུས་ཆེན་གྱི་ལག་རྟགས་སྐྱེལ་བའི་གནས་ཚུལ་ཡིན་པ།