གཟའ་འཁོར་འདིའི་ནང་རང་ལྗོངས་སུ་ཆར་ཆུ་འབབ་ཉུང་བ།
གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་9ཚེས་28ཉིན་ནས་ཟླ་10ཚེས་4ཉིན་བར)
གཟའ་ཟླ་བ་ནས་ལྷག་པ་བར་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་པ་སངས་ནས་ཉི་མ་བར་ནག་ཆུ་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་སུ་ཆར་པ་ཆུང་བ(གངས་མ་ཆར)འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
གཉིས། གྲོས་འགོ
1.མིག་སྔར་ཞིང་ཁུལ་གཙོ་བོར་ལོ་ཏོག་བརྔ་བསྡུ་བྱས་ཟིན་པར་ས་ཆ་ཁག་གིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་གཡུལ་ལས་ཡག་པོ་བྱེད་དགོས།
2.མཐོ་གྲང་ཞིང་ཁུལ(རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3800ཡན)དུ་སད་རྒྱག་པར་དོགས་ཟོན་བྱེད་དགོས།