དབུ་ཤོག>གསར་འགྱུར།
  • ​ ལྷོ་པ་རིགས་ཀྱི་རྒད་པོ་ཟླ་རྒོད་ཀྱི་གྲིས་འདེབས་བསྲེགས་རྨོད་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་པའི་བར་གྱི་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-27

    ཉེ་ཆར། གསར་འགོད་པ་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོར་སླེབས་པ་དང་དང་ཐོག་འདྲེན་བྱེད་ལམ་དུ་འཆར་བ་ནི་གྲལ་སྟར་འགྲིག་ལ་གཙང་སྦྲ་དོད་པའི་ཨར་འདམ་ལམ་ཁྱིམ་ཚང་ཚང་མའི་སྒོ་ཁར་ཤར་གཏོང་ཐུབ་པ་དང་འགྲོ་ལམ་གཞོགས་གཉིས་ཀྱི་ཡངས་ཤིང་ལྟ་ན་སྡུག་པ་དང་ཉམས་དོད་པའི་ལྷོ་པ་མི་རིགས་ཀྱི་མང་ཚོགས་ཁང་པ་ལས་ལྷོ་པ་མི་རིགས་ཀྱི་མང་ཚོགས་ཀྱི་ད་ཆའི་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་མངོན། གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་འོག་གསར་འགོད་པ་སྤྲོ་སེམས་ཆེན་པོའི་ངང་ལྷོ་པ་རིགས་ཀྱི་རྒད་པོ་ཟླ་རྒོད་ཀྱི་ཁྱིམ་དུ་སླེབས།

    མ་གཞི་ཟླ་རྒོད་ལོ་ན་མཐོ་ཙམ་ཡིན་མོད། འོན་ཀྱང་རིག་པ་དྭངས་གསལ་དང་སྐད་ཆ་ཤོད་མཁས་པ་ཞིག་ཡོད། “ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་མི་རིགས་ཁག་གི་སྤུན་ཟླའི་རོགས་རམ་དང་རྒྱབ་སྐྱོར་མེད་ཚེ་ང་ཚོར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་མི་སྲིད”ཅེས་རྒད་པོ་ཟླ་རྒོད་ཀྱིས་གསར་འགོད་པར་བཤད།

    “བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ང་ཚོ་ལྷོ་པ་རིགས་ལ་གཉའ་གནོན་དང་བཤུ་གཞོག་ཆེན་པོ་ཕོག་མྱོང་ཡོད། འདས་དོན་སྐོར་གླེང་སྐབས་རྒད་པོ་ཟླ་རྒོད་ཀྱིས་ལོ་ཧྲིལ་པོ་ལྟོ་གོས་བརྟེན་ས་མེད་པ་མ་ཟད་ད་དུང་མངའ་བདག་ཆེན་པོ་གསུམ་ལ་ཁྲལ་འུ་ལག་སྣ་ཚོགས་འཇལ་དགོས་ཀྱི་ཡོད། ང་ཚོས་ལས་ཀ་ཇི་ལྟར་བྱས་ཀྱང་སྡོད་ས་དང་ལྟོ་གོས་ཐབས་ཆག་ལས་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། སྐབས་དེ་དུས་འདྲ་མཉམ་གླེང་ཐབས་མེད་པ་དང་གྲོད་པ་རྒྱགས་ཙམ་བྱུང་ཚེ་དེ་ནི་བདེ་སྐྱིད་ཆེ་ཤོས་ཀྱི་བྱ་བ་ཞིག་རེད”ཅེས་སྔར་སོང་ཡིད་ལ་ཝ་ལེར་དྲན་བཞིན་བཤད།

    ཞི་བས་བཅིངས་འགྲོལ་བཏང་རྗེས་ལྷོ་པ་རིགས་འདི་ཉིད་གདོད་མའི་སྤྱི་ཚོགས་ནས་ཐད་ཀར་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་བསྐྱོད་ཡོད། “ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ང་ཚོ་རི་ཁུག་ནས་ཐོན་ཏེ་ས་ཁོད་སྙོམས་པ་དང་། གཞུང་ལམ་ཤར་གཏོང་ཐུབ་པ། གློག་ཡོད་པ་བཅས་ཀྱི་སར་གཞིས་ཆགས་ཡོད། ཏང་དང་སྲིད་གཞུང་གིས་དཔལ་འབྱོར་ཐད་ནས་ངེད་ཚོར་རོགས་རམ་ཆེན་པོ་གནང་བ་མ་ཟད་ད་དུང་ཐུགས་ཁུར་དང་དྲོ་སྐྱིད་དཔག་མེད་སྦྱིན་བྱུང་། ཏང་དང་སྲིད་གཞུང་གིས་ད་དུང་ང་ཚོར་ས་རྒོད་བསློགས་ནས་ཞིང་ཁ་བཟོ་རོགས་བྱས་ཏེ་ང་ཚོར་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་པ་དང་གྲོང་ཚོ་གསར་པ་བསྐྲུན་པ་དང་སློབ་གྲྭ་དང་སྨན་བཅོས་ས་ཚིགས་གཉེར་སྟབས་ང་ཚོ་ལྷོ་པ་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་ཟླ་རྒོད་ཀྱིས་བཤད།

    ཁོང་གིས་ཁང་གསར་ལ་མཛུབ་མོ་འཛུགས་བཞིན་དུ“ད་ཆ་ལྷོ་པའི་མང་ཚོགས་ཚང་མས་ཁང་གསར་བརྒྱབ་པ་དང་རང་འབབ་ཆུ་ཀ་ལ་འཁྲིད་ཡོད། ད་ཕན་ལོ་གཉིས་ནང་ང་ཚོའི་གྲོང་ཚོར་ལས་དོན་རུ་ཁག་བཅའ་སྡོད་བྱས་རྗེས་ང་ཚོར་ཕྱུག་འགྱུར་ཐབས་ལམ་འཚོལ་རོགས་ཧུར་ཐག་བྱས་པ་དང་། འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་བཅས་བྱས་ཐོག་གྲོང་ཚོའི་ནང་གི་ཆ་རྐྱེན་ཡོད་པའི་གྲོང་མིའི་སྣེ་ཁྲིད་དེ་ཁྱིམ་ཚང་མགྲོན་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བས། ད་ཆ་གྲོང་ཚོའི་ནང་གི་བུ་མོ་ཚང་མ་ཡུལ་སྐོར་སྣེ་ཤན་པར་གྱུར་བ་དང་ཕོ་གསར་ཚོས་སྐྱེལ་འདྲེན་བྱེད་པའམ་ཡང་ན་གྲོང་ཁྱེར་ནང་ལས་མི་བྱེད་པར་ཕྱིན་པས་ཁྱིམ་ཚང་ཚང་མར་ཡོང་འབབ་ཆེས་ཆེར་མང་དུ་སོང་ཡོད”ཅེས་རྒད་པོ་ཟླ་རྒོད་ཀྱིས་དེ་ལྟར་ཤོད་ཀྱིན་དགའ་སྤྲོའི་འཛུམ་མདངས་འཕྱུར།

    ད་ཆ་རྒད་པོ་ཟླ་རྒོད་ཀྱི་སེམས་ཁྲལ་ཆེ་ཤོས་ནི་ལྷོ་པ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་རེད། “ང་ཚོ་ལྷོ་པ་རིགས་ལ་ཡི་གེ་མེད་པ་དང་མི་རིགས་ཀྱི་རིག་གནས་དེའང་ངག་ཐོག་ནས་རྒྱུན་འཛིན་བྱས་པ་ཞིག་ཡིན་མོད། འོན་ཀྱང་ད་ཆ་ངར་ལྷོ་པའི་རིག་གནས་རྒྱུན་ཆད་པའི་དོགས་པ་དང་སེམས་ཁྲལ་གཏན་ནས་མི་འདུག ད་ཆ་སྲིད་གཞུང་གིས་ལྷོ་པ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་འབྲེལ་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་རྟག་ཏུ་གྲོང་ཚོར་ཡོང་ནས་ང་ཚོའི་ཐོན་སྐྱེད་དང་འཚོ་བ་ཤེས་རྟོགས་བྱེད་པ་མ་ཟད། ད་དུང་ང་ཚོ་ནང་སའི་འགྲེམས་ཚོང་འདུ་ཚོགས་དང་འཛམ་གླིང་དངོས་མང་སྟོན་ཚོགས་སོགས་ནང་ཞུགས་པར་ཁྲིད་ཐོག་ང་ཚོས་ལྷོ་པའི་གླུ་གཞས་དང་། ཞབས་བྲོ། ལག་ཤེས་བཟོ་རྩལ་སོགས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་སྟོན་པའི་གོ་སྐབས་མཁོ་འདོན་བྱས་ཡོད། གཞན་ཡང་ང་ཚོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་ཟོག་གིས་ཚང་མར་ཡོང་འབབ་མི་ཉུང་བ་ཞིག་བཏོད་པས་ད་ཆ་འཚོ་བར་དངོས་གནས་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད”ཅེས་རྒད་པོ་ཟླ་རྒོད་ཀྱིས་གསར་འགོད་པ་དང་ཁ་བརྡར་གློད་རིང་བཤད་པ་དང་ངོ་གདོང་ལས་སེམས་འགུལ་ཐེབས་སེམས་དང་བདེ་སྐྱིད་ཚོར་སེམས་ཡོངས་སུ་མངོན།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།