110—ཉེན་བརྡའི་ཁ་པར། རྐུ་ཤོར་བའམ་ཇག་པ་བརྒྱབ་པ། རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་བཟོ་བའི་ཛ་དྲག་གནས་ཚུལ་འཕྲད་ཚེ་“110”རྒྱག་དགོས།
119—མེ་སྐྱོན་ཉེན་བརྡའི་ཁ་པར། མེ་སྐྱོན་གྱི་ཉེན་ཁ་བྱུང་ཚེ་ཁ་པར་འདི་རྒྱག་དགོས།
122—འགྲིམ་འགྲུལ་ལས་འཛོལ་གྱི་ཉེན་བརྡའི་ཁ་པར། འགྲིམ་འགྲུལ་ལས་འཛོལ་གྱི་ཉེན་ཁ་བྱུང་ཚེ་ཁ་པར་འདི་རྒྱག་དགོས།
120—སྨན་བཅོས་མྱུར་སྐྱོབ་བྱེད་པའི་ཁ་པར། གློ་བུར་གྱི་རྨས་སྐྱོན་འཕོག་པའམ་ནད་པ་ཚབས་ཆེན་འཕྲད་ན་ཁ་པར་འདི་རྒྱག་དགོས་སོ།