དབུ་ཤོག>གསར་འགྱུར།
  • ​བོད་ཀྱི་འགན་ལེན་ལྔའི་དུད་ཚང་ལ་བསྙེན་བཀུར་དང་དྭ་ཕྲུག་གསོ་ཉར་བྱེད་པའི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-25

    ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་སྐྱོད་སྐབས། དེང་རབས་ཅན་གྱི་མགྲོན་ཁང་དང་བོད་བཟོའི་བཀོད་པ་ཟུང་དུ་སྦྲེལ་བའི་ཁང་པ་དང་མཐའ་འཁོར་གྱི་གྲོང་མིའི་སྲོལ་རྒྱུན་སྡོད་ཁང་བཅས་ཀྱི་རྣམ་པ་མིག་ལམ་དུ་འཆར། ཕན་བདེ་ཁང་ནང་སྨན་བཅོས་ཁང་དང་། ཟ་ཁང་། སྐྲ་ཁང་། འཁྲུ་ཁང་། གོས་འཁྲུ་ཁང་། ཇ་ཁང་། ངལ་གསོ་རྒྱག་ཁང་། ལུས་སྦྱོང་ཁང་སོགས་ལྷན་སྦྱར་ཞབས་ཞུའི་སྒྲིག་ཆས་ཆ་ཚང་འདུག རྒན་རྒོན་ལ་ལ་སྒོ་རྩར་ཉི་མ་སྲོ་བཞིན་འདུག་ལ། ལ་ལ་ལུས་སྦྱོང་བྱེད་བཞིན་བག་ཕེབས་ངང་གནས་ཁར། རྒན་རྒོན་ཚོས་རང་ལྗོངས་ཀྱི་ཕན་བདེ་ཁང་གི་ལམ་ལུགས་འཐུས་ཚང་དུ་ཕྱིན་པའི་སྐོར་གླེང་བཞིན་ཚེ་མཇུག་གི་འཚོ་བ་སྐྱིད་པོ་སྐྱེལ་བཞིན་འདུག

    2013ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་སུ་ཁྱབ་ཁོངས་སུ་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་ལག་བསྟར་བྱས་ཤིང་། མིག་སྔར་ལྗོངས་ཡོངས་སུ་གསར་དུ་འཛུགས་རྒྱུའི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གསོ་ཉར་ལས་དོན་གྱི་འཕེལ་རིམ་བདེ་བླག་ཡོད་པ་རེད།

    དམངས་སེམས་འདུ་འགོད་རྩ་འཛུགས་ལ་འགན་ལེན་བྱུང་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་ནན་ཏན་དང་། དམངས་སྲིད་རྣམ་གྲངས་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན། དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་་གཏོང་ཆེད། 2013ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་ཐོག་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཞག་པ་དང་འབྲེལ། “གྲོང་གསེབ་ཀྱི་འགན་ལེན་ལྔའི་རྒན་རྒོན་ལོ་གསུམ་ནང་ཚང་མ་རྫོང་ཡན་གྱིས་གཅིག་སྡུད་བསྙེན་བཀུར་བྱ་རྒྱུ”དང་། “2015ལོར་སླེབས་སྐབས་དྭ་ཕྲུག་ས་ཁུལ(གྲོང་ཁྱེར)ཡན་གྱི་བྱིས་པའི་ཕན་བདེ་ཁང་གིས་གཅིག་སྡུད་གསོ་ཉར་བྱེད་ཚད་100%ཡི་དམིགས་ཚད་མངོན་འགྱུར་བྱ་རྒྱུ”གསལ་པོར་བཏོན་ཡོད། འགན་ལེན་ལྔའི་དུད་ཚང་ལ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་ནི་དམངས་ལ་སྒྲུབ་པའི་བྱ་བ་ཆེ་གྲས་བཅུའི་གྲས་ཤིག་རེད།

    ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འབྲེལ། འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་མང་འཚོགས་ཤིང་། ས་ཁུལ(གྲོང་ཁྱེར)དང་། རྫོང(ཆུས)ཏང་ཨུད། རྫོང་སྲིད་གཞུང་བཅས་ཀྱིས་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས། ཀྲོན་ཡོན་གཞོན་པས(གྲོང་སྤྱི་གཞོན་པ)ཙུའུ་ཀྲང་གི་འགན་འཁུར་བ་དང་། འབྲེལ་ཡོད་ཚན་པ་དང་རྫོང(གྲོང་ཁྱེར་དང་ཆུས)གི་འགན་འཁུར་བ་གཙོ་བོས་ཁོངས་མི་བྱས་པའི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཐོག འབྲེལ་ཡོད་སྡེ་ཚན་ཁག་དང་རྫོང(གྲོང་ཁྱེར་དང་ཆུས)དབར་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་མ་ཟད། རྣམ་གྲངས་ལག་བསྟར་གྱི་ཇུས་གཞི་བཟོས་པ་དང་འབྲེལ། རྣམ་གྲངས་ལག་བསྟར་འཆར་གཞི་དང་ལས་ཀའི་མྱུར་ཚད་ཁ་གསལ་བཏོན་པར་བརྟེན། ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་བདེ་བླག་ངང་ལག་བསྟར་བྱ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་ཐུབ་པ་བྱུང་ཡོད།

    དམངས་འཚོའི་རེ་ཞུ་དོན་དངོས་སུ་གྱུར་པ།

    འདི་ལོ་ལོ་80ལ་སླེབས་པའི་བགྲེས་སོང་བྱམས་པ་དངོས་གྲུབ་ནི་ཉང་བྲན་ཚོགས་ཆུང་དྲུག་པ་ནས་ཡིན་པ་དང་། ལོ་68ལ་སླེབས་པའི་བཟའ་ཟླ་གྲོངས་པར་བརྟེན། ཆགས་ས་བརྟེན་ས་མེད་པའི་བགྲེས་སོང་ཁོང་ཉང་བྲན་ཤང་གི་རྒན་གསོ་ཁང་དུ་སྡོད་དགོས་བྱུང་། ཕྱིས་སུ་ཉང་བྲན་ཤང་གི་རྒན་གསོ་ཁང་ནས་ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་དུ་སྤོས། དེ་ནས་བཟུང་འཚོ་བ་སྐྱིད་དུ་ཕྱིན་པ་མ་ཟད། གང་ཅིའི་ཐད་སྟབས་བདེ་བྱུང་ཡོད། “འདི་གར་སྤོས་རྗེས་འཚོ་བ་སྐྱིད་པོ་ཞིག་བསྐྱལ་རྒྱུ་བྱུང་། ད་ཆ་གོས་འཁྲུ་མཁན་དང་ལྟོ་བཟོ་མཁན་ཡོད་པ་དང་། ཉིན་གཅིག་ལ་ལྟོ་དུས་བཞི་སྟེར་གྱི་འདུག”ཅེས་བགྲེས་སོང་གི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་བཤད།

    རྒན་རྒོན་ཚོར་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱ་ཆེད། ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་གིས་སྨན་པ་དང་། ནད་སྐྱོང་པ། མ་བྱན་སོགས་ཤེས་མཁན་མི་སྣ་33བསྡུས་པའི་ཐོག རང་རང་སོ་སོའི་ལས་གནས་དང་འགན་འཁྲི་ཁ་གསལ་བཟོས་ཏེ་རྒན་རྒོན་ཚོར་ལྟ་རྟོག་གང་ལེགས་ཐུབ་པར་བྱས་པ་རེད།

    ཝུའུ་ཧན་བོད་ལྗོངས་སློབ་འབྲིང་འགྲིམས་བཞིན་པའི་ལོ་17ལ་སླེབས་པའི་བསོད་ཤེས་ནི་ལོ་གཉིས་ཀྱི་གོང“གཅིག་སྡུད་གཉིས”ཀྱི་སྲིད་ཇུས་འོག་བདེ་སྐྱིད་དྭ་ཕྲུག་ཁང་ནས་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་སྒྱུར་པ་ཞིག་རེད། སྣང་བ་སྐྱིད་པའི་བསོད་ཤེས་ཀྱིས་གསར་འགོད་པར“སྲིད་གཞུང་གིས་ང་ཚོའི་ཕན་བདེ་ཁང་ལ་ཉལ་ཁང་གསར་པ་བརྒྱབ་སོང་། ད་ཆ་ནང་ཆས་ཆ་ཚང་ཡོད་པའི་སྡོད་ཁང་གསར་པར་སྤོ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།

    མིག་སྔར་ལྷ་ས་གྲོང་ཁྱེར་ཕན་བདེ་ཁང་རྒྱས་སྐྲུན་བྱེད་བཞིན་ཡོད་ཅིང་། ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཡོན་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས། “དེ་སྔ་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཀྱི་དྭ་ཕྲུག་མང་པོ་ཞིག་སྤུན་མཆེད་དང་གྲོགས་པོའི་ཁྱིམ་གྱིས་གསོ་ཉར་བྱེད་ཀྱི་ཡོད། ད་ཆ་གཅིག་སྡུད་གསོ་ཉར་བྱས་པས། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་སྟེ་ཕྲུ་གྲུ་ཚོ་སྤྲོ་སྣང་ལྡན་པའི་སྒོ་ནས་འཚར་ལོངས་ཡོང་བཞིན་ཡོད། ང་ཚོས་ས་ཁོངས་ལྔ་རྒྱས་སྐྲུན་བྱས་པ་དང་ལྷན་སྦྱར་སྒྲིག་ཆས་འཐུས་ཚང་དུ་བཏང་སྟེ་ཕྲུ་གུ་ཚོར་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྦྱིན་རྒྱུ་ཡིན”ཞེས་བརྗོད་བྱུང་།

    “གཅིག་སྡུད་གཉིས”ཀྱི་ལས་འགན་གོ་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་བྱས་པ།

    ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། 2015ལོའི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་འགན་གྱི་དམིགས་ཚད་བདེ་བླག་ངང་ལེགས་སྒྲུབ་བྱ་རྒྱུ་འགན་ལེན་བྱ་ཆེད། ལྗོངས་སྲིད་གཞུང་དང་ལྗོངས་དམངས་སྲིད་ཐིང་གིས་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཚོགས་འདུ་ཐེངས་མང་འཚོགས་ཏེ། འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་དང་ཆབས་ཅིག རང་སྐྱོང་ལྗོངས་ཀྱིས་ད་དུང་དམངས་སྲིད་དང་། འཕེལ་སྒྱུར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ནོར་སྲིད་སོགས་སྡེ་ཚན་ལས་གྲུབ་པའི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཏང་ནས་ལོ་གཉིས་བསྟུད་མར་ས་ཁུལ(གྲོང་ཁྱེར)གྱི་རྫོང་ཁག་གཅིག་གི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་དང་དེ་བཞིན་ལས་གྲྭའི་སྤུས་ཚད་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་སྐལ་བཟང་རིན་ཆེན་གྱིས། སླད་ཕྱིན་གྱི་ལས་དོན་ལ་ས་གནས(གྲོང་ཁྱེར)དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། མིག་སྔའི་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས“གཅིག་སྡུད་གཉིས”ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ“གཅིག་སྡུད་གཉིས”ཀྱི་རྣམ་གྲངས་ཚང་མ་བསྐྲུན་ནས་སྤྱད་རྒྱུ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུ་དོ་དམ་ལ་ཤུགས་སྣོན། དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་གྲ་སྒྲིག་ལས་དོན་སྔ་སྣུར་དུ་བསྒྲུབས་ནས“གཅིག་སྡུད་གཉིས”ཀྱི་ལས་དོན་དང“ལོ་བརྒྱ་གཉིས”ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱ་རྒྱུ་འགན་ལེན་བྱ་རྒྱུ། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ“གཅིག་སྡུད་གཉིས”ཀྱི་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་འགན་ལེན་བྱ་རྒྱུ་བཅས་དང་ཆབས་ཅིག སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་སྒྲིག་གཞི་དང་། མི་སྣའི་སྒྲིག་ཁོངས།འགྲོ་གྲོན་འགན་ལེན་བཅས་ཀྱི་ལས་དོན་སྔ་སྣུར་དུ་བསྒྲུབ་རྒྱུ། དོ་དམ་དང་འཁོར་སྐྱོད་སྲུང་སྐྱོང་གི་ལམ་ལུགས་ཁག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མི་སྣ་དོ་དམ་དང་གསོ་སྦྱོང་ལ་ཤུགས་སྣོན། ཞབས་ཞུའི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ།“གཅིག་སྡུད་གཉིས”དང“ལོ་བརྒྱ་གཉིས”ཀྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་འགན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།