དབུ་ཤོག>གསར་འགྱུར།
  • ​ ཁ་རུབ་ཆུས་ཀྱིས་གཅན་གཟན་གྱིས་གནོད་འཚེ་བཏང་བར་ཁ་གསབ་རོགས་དངུལ་སྒོར་ཁྲི་91ལྷག་ཙམ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-25

    ཉེ་ལམ་ལོ་ཤས་རིང་ཁ་རུབ་ཆུས་ཀྱིས་གཅན་གཟན་གྱིས་གནོད་འཚེ་བཏང་བར་ཁ་གསབ་རོགས་དངུལ་སྒོར་ཁྲི་910378.76སྤྲད་ཅིང་། དེའི་ནང་2013ལོར་ཁ་རུབ་ཆུས་སུ་གཅན་གཟན་གྱིས་གནོད་འཚེ་བཏང་བར་རང་སྐྱོང་ལྗོངས་ཀྱིས་ཁ་གསབ་དངུལ་གྱི་60%སྤྲད་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་ཁ་གསབ་དངུལ་གྱི་30%སྤྲད་ཅིང་། ཁྱོན་སྒོར་663417ཟིན་པ་དང་། དེ་དག་ཚང་མ་མང་ཚོགས་ལ་སྤྲད་ཚར་ཡོད། 2014ལོར་གཅན་གཟན་གྱིས་གནོད་འཚེ་བཏང་བར་ཁ་གསབ་རོགས་དངུལ་སྤྲོད་སྐབས། ཁ་རུབ་ཆུས་རིམ་པའི་ནོར་སྲིད་ཀྱིས་10%སྤྲོད་པའི་འགན་ཁུར་ནས་སྒོར་16740.44སྤྲད་པ། 2014ལོར་གཅན་གཟན་གྱིས་གནོད་འཚེ་བཏང་བར་ཁ་གསབ་རོགས་དངུལ་ཆབ་མདོ་གྲོང་ཁྱེར་རིམ་པས་30%སྤྲོད་པའི་འགན་ཁུར་ནས་སྒོར་185221.32ཟིན་ཞིང་། དེ་དག་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད། ཁ་གསབ་རོགས་དངུལ་དེ་དག་གིས་སྐམ་སའི་གཅན་གཟན་གྱིས་སྤྱི་དམངས་ཀྱི་ཚེ་སྲོག་ལ་གནོད་འཚེ་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་པར་ཁ་གསབ་ནུས་ལྡན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།