དབུ་ཤོག>གསར་འགྱུར།
  • ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་བརྒྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-25

    འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ཏང་ཡོན་ལས་བྱེད་པར་འགན་འཁྲི་ལྕི་པོ་ཡོད།

    “བོད་འདི་ཉིད་ས་མཐོར་གནས་ནས་ཆ་རྐྱེན་ཞན་པར་བརྟེན་དེ་གར་ལས་ཀ་བྱེད་པར་བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་དང་དཔའ་ངར་ཞུམ་མེད་ཀྱི་སྤྱོད་ཚུལ་དགོས”“‘ནན་གསུམ་དྲང་གསུམ’གྱི་ཆེད་དོན་སློབ་གསོ་གཏིང་ཟབ་བརྒྱབ་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་བསྟར་དགོས”ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལྟར་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པར་བཀོད་སྒྲིག་གནང་ཡོད། དེ་ནི་ང་ཚོས་སྒྱུར་འཕེལ་བརྟན་གསུམ་བཅས་ཀྱི་རིམ་པ་ཟབ་པའི་འགལ་བ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་འགན་ལེན་གལ་ཆེན་ཞིག་རེད།

    བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དཔའ་ངར་ཞུམ་མེད་ཀྱི་སྤྱོད་ཚུལ་ནི་ཏང་གི་སྤྱོད་ཚུལ་གྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ་དེ་ཏང་གི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་ནུས་པ་དང་འབྲེལ་བ་ཡོད་པ་དང་ཏང་གི་སྲིད་སྐྱོང་ནུས་པ་དང་སྲིད་འཛིན་ཆུ་ཚད་མཚོན་ཡོད། བློ་མཐུན་མའོ་ཙེ་ཏུང་གིས“ཆབ་སྲིད་ལམ་ཕྱོགས་གཏན་འཁེལ་རྗེས་ལས་བྱེད་པ་ནི་རག་ལས་སའི་རྒྱུ་རྐྱེན་རེད”ཅེས་གསུངས་མྱོང་ཡོད།

    བོད་འདི་ཉིད་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་ཁམས་ཀྱི་ངོ་མཚར་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་འཁྲིད་དེ་གཏོད་པ་ཞིག་རེད།

    བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ཏང་ཡོན་ལས་བྱེད་པ་མི་རབས་དུ་མས་དཀའ་སྤྱད་འབད་འཐབ་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་མཐུད་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་གངས་ལྗོངས་ས་མཐོར་མཚོན་ཚུལ་ཞིབ་ཕྲ་ཞིག་དང་། ང་ཚོའི་བྱ་གཞག་ལ་རྒྱལ་ཁ་ཐོབ་པའི་འགན་ལེན་གལ་ཆེན། ཏང་གི་བྱ་གཞག་གི་རྩ་ཆེའི་རྒྱུ་ནོར་བཅས་རེད། དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་དཀའ་ཚེགས་ཆེ་བའི་ལས་འགན་དེ་ལས་ང་ཚོས་ངེས་པར་དུ་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་ཡག་པོ་བྱེད་པ་དང་དར་སྤེལ་ཡག་པོ་བཏང་སྟེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་རྒྱུན་ཆད་མེད་པར་དུས་རབས་ཀྱི་སྙིང་དོན་གསར་པ་བསྣོན་དགོས་པའི་བླང་བྱ་བཏོན་ཡོད།

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དེ་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པར་ཆབ་སྲིད་ཐོག་བློས་འཁེལ་བ་དང་། བསམ་བློ་བརྟན་པོ། བྱང་ཚད་ལེགས་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གིས་དཀའ་ངལ་འཕྲད་ཀྱང་མདུན་སྐྱོད་བྱེད་པའི་སྙིང་སྟོབས་དང་། འགག་སྒྲོལ་དཀའ་སེལ་གྱི་དཔའ་སེམས། གཞན་གྱི་མདུན་དུ་སྐྱོད་ཕོད་པའི་འགན་འཁྲི་འཁུར་སེམས་བཅས་ཀྱི་ཐོག་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་འགན་འཁྲི་འཁུར་དགོས་པའི་དགོས་མཁོ་ཆེན་པོ་ཡོད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་རྒྱག་པར་ལས་སྒྲུབ་ལས་གཏོད་ཀྱི་ལས་བྱེད་པའི་སྤྲོ་སེམས་འཕེལ་བ་བྱེད་པ་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་དང་ལས་ཀའི་མཉམ་ཤུགས་སྔར་བས་གཅིག་འགྲིལ་བྱས་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཏང་ཡོན་ལས་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་མདུན་སྐྱོད་ལམ་བུར་འཕྲད་པའི་འགལ་བ་དང་དཀའ་གནད་ཐག་གཅོད་བྱས་ཏེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་བཅས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས།

    བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོ་དང་གཡུལ་ས་གཙོ་བོ་རེད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་རྒྱག་པར་དང་ཐོག་ཆབ་སྲིད་ཀྱི་ཚད་གཞི་དེ་རེད། བོད་འདི་ཉིད་རྒྱལ་ས་པེ་ཅིང་དང་བར་ཐག་རིང་ཡང་རང་སྐྱོང་ལྗོངས་ཏང་ཨུད་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་བ་དང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་བལྟོས་མེད་ངང་བློ་དཀར་སེམས་དཀར་བྱེད་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བའི་རྩ་དོན་གྱི་གནད་དོན་འགངས་ཆེན་དེའི་ཐད་བློ་བརྟན་འགྱུར་མེད་ངང་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་བྱེད་པ་ལས“མགོ་གཉིས་མ”བྱེད་མི་རུང་།

    རུལ་སུངས་ལ“དམིགས་བསལ་ཁུལ”མེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར“བཀག་སྡོམ་ཁུལ”མེད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་རྒྱག་པར་བོད་འདི་ཉིད་མཐོ་ཞིང་གྲང་ངར་ཆེ་བ་དང་། ཆ་རྐྱེན་ཞན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གཡུལ་ས་གཙོ་བོར་གནས་པ་བཅས་ཡིན་ཡང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་ཐོག་མཐའ་བར་གསུམ་དུ་རུལ་སུངས་ཆད་གཅོད་ཀྱི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས་ནས་རུལ་སུངས་ཡོད་ཚེ་ངེས་པར་དུ་ངོ་རྒོལ་དང་ལྐོག་ཟ་བྱས་ཚེ་ངེས་པར་དུ་གཙང་སེལ་བྱས་ནས་ཤུགས་ཡོད་རྒུས“ལྕང་མ་རུལ་པ”བཀོག་པ་དང་། “སྐྱོན་ཡོད་ལྕང་མ”བཅོས་པ། “འདྲོང་པོ་མིན་པའི་ལྕང་མ”ཡོ་བསྲང་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བའི་འགན་ལེན་གལ་ཆེན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་གི་ཏང་ཡོན་ལས་བྱེད་པའི་མཚོན་ཚུལ་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཕྱོགས་གཉིས་ནས་དམ་འཛིན་བྱེད་པ་དང་ཕྱོགས་གཉིས་ཀར་སྐུལ་མ་གཏོང་དགོས།

    མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་གཞི་རྩའི་ལས་ཀའི་ལམ་ཕྱོགས་ཤིག་རེད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་རྒྱག་པར་དམིགས་ཡུལ་གྱི་འདུ་ཤེས་འཛུགས་པ་དང་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་སེམས་གཏིང་དུ་བཞག་སྟེ་མང་ཚོགས་དང་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བའི་ཕུགས་ཕན་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་ཞིང་འབྲོག་དུད་ཚང་དུ་ཡང་ཡང་བསྐྱོད་དེ་ཁོང་ཚོའི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་ཤེས་རྟོགས་ཐུབ་པ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ནང་ཞུགས་ཚད་དང་ཐོབ་པའི་མྱོང་ཚོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱེད་པ་དང་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་ཁོང་ཚོར་མཐུན་སྒྲིལ་དམ་ཟབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།