1.ཚ་བའི་རང་བཞིན་གྱི་ལྟོ་ཆས་བཟའ་མང་རྒྱུ་མེད་པ་དང་སྟོན་དུས་ཆུ་བཟང་བའི་རྐྱེན་གྱིས་ལྟོའི་དང་ག་ཆེན་པོ་ཡོད་སྟབས་ལྟོ་ཆས་བཟའ་མང་དྲགས་རྒྱུ་མེད།
2.སེ་པན་དང་། ཕོ་བ་རི་ལུ། སྒོག་པ། ཙོང་སོགས་ངར་སྐྱེད་རང་བཞིན་ཆེ་བའི་ཟ་རིགས་བཟའ་རྒྱུ་མང་མ་དྲགས་པར།སྔོ་ཚལ་རིགས་དང་།ཀྭ་རིགས།ཤིང་འབྲས་རིགས་མང་ཙམ་བཟས་ན་ལེགས།
3.སྟོན་ཀ་གནམ་གཤིས་ཚ་བ་ཆག་པའི་རྐྱེན་གྱིས་མིའི་ལུས་ཁམས་ཀྱི་རྙིང་ཚབ་གསར་བརྗེས་ཡང་འགྱུར་བ་ཡོད་པས་ཟས་རྗེན་པ་དང་གྲང་མོའི་རིགས་རྩ་བ་ནས་སྤྱོད་རྒྱུ་མེད་དེ་དེས་ཕོ་རྒྱུའི་འཇུ་ལམ་ལ་ནད་ཕོག་པའི་ཉེན་ཁ་ཡོད།
4.ཤིང་ཏོག་ལི་ནི་སྟོན་ཁའི་ཟས་མཆོག་ཏུ་གྱུར་བ་ཡིན། དེས་ཚ་བ་གཅོག་པ་དང་གློ་འཇགས་ལུད་སེལ་གྱི་ནུས་པ་ཡག་པོ་ཐོན་གྱི་ཡོད།
5.སྟོན་དུས་ཆུ་མང་ཙམ་འཐུང་དགོས་པ་དང་ལྟོ་ཆས་ཐད་འབྲས་ཐུག་དང་། སྲན་ཁུ། ལ་ཕུག པད་རྩ་་སོགས་མང་ཙམ་བཟའ་དགོས།