དབུ་ཤོག>གསར་འགྱུར།
  • ལས་ཞུགས་ཀྱི་གསོ་སྦྱོང་ལས་དོན་ལ་དམ་འཛིན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཧྥེ་ཚུང་གིས།   |     སྤེལ་དུས།  2015-09-23

    ལས་ཞུགས་ཀྱི་རིམ་པ་དམའ་བ་དང་། འགྲན་རྩོད་ཀྱི་ནུས་པ་ཞན་པ། ལས་མིར་རེ་བ་མཐོ་བ་སོགས་ཀྱིས་རྐྱེན་པས་ལས་ཞུགས་ལ་དཀའ་ངལ་ཡོད་མཁན་གྱིས་ལས་ཀ་འཚོལ་བའམ་ཡང་ན་རང་རྟེན་ལས་གཏོད་བྱེད་སྐབས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། སྨྱུག་འཛིན་པས་ལས་ཞུགས་ལ་མཛུབ་ཁྲིད་དང་གསོ་སྦྱོང་ལ་ཤུགས་བརྒྱབ་སྟེ་ལས་སྒུག་གཞོན་ནུར་ལག་རྩལ་གཅིག་འཇགས་པ་བྱས་ཚེ། གཞི་ནས་ལས་ཞུགས་ཀྱི“གསེར་གྱི་ལྡེ་མིག”དེ་དམ་པོར་བཟུང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ལས་ཞུགས་གསོ་སྦྱོང་ནི་ནུས་ལྡན་གྱི་དབུལ་སྐྱོར་བྱེད་ཐབས་ཤིག་རེད། ལས་ཞུགས་ལ་སྐུལ་འདེད་གཏོང་སྐབས་ཁྲོམ་རའི་དཔལ་འབྱོར་གྱི་རྒྱུན་གཏན་འགྲན་རྩོད་ལ་གཞིགས་ནས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་གཞུང་དྲང་དང་དྲང་བཞག་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ཆུ་ཚད་དང་ལས་ཞུགས་ནུས་པ་ཆེ་རུ་གཏོང་རྒྱུ་འདི་དཀའ་ངལ་ཡོད་པའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་དང་རྗེས་ལུས་རྣམ་པར་འགྱུར་ལྡོག་གཏོང་བའི་ནུས་ལྡན་གྱི་ཐབས་ལམ་ཞིག་རེད། དེར་བརྟེན་རིམ་ཁག་ངལ་རྩོལ་འགན་སྲུང་སྡེ་ཚན་གྱིས་ཤང(གྲོང་རྡལ)དང་ཁྲོམ་གཞུང་དུ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཐོག ཐབས་བརྒྱ་ཇུས་སྟོང་ངང་ཁོང་ཚོ་རིགས་ཁག་གི་གསོ་སྦྱོང་ལ་ཞུགས་རྒྱུར་རོགས་རམ་བྱེད་པ་དང་ཆབས་ཅིག་དོན་དངོས་ལ་གཞིགས་ནས་གཅིག་སྡུད་གསོ་སྦྱོང་དང་ས་གནས་ས་ཐོག་ཀྱི་མཛུབ་ཁྲིད་ཟུང་འབྲེལ་དང་། སྲོལ་རྒྱུན་སློབ་ཁྲིད་དང་དེང་རབས་ཚན་རིག་ལག་རྩལ་ཟུང་འབྲེལ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས་པ་མ་ཟད། སློབ་གྲྭ་དང་། ཤང་གྲོང་། འཁོར་ཁང་བཅས་སུ་སློབ་ཚན་འཁྲིད་དགོས། དེ་དང་ཆབས་ཅིག་ཉེར་སྤྱོད་དང་སྟབས་བསྟུན་གྱི་རྩ་དོན་ལ་གཞིགས་ཏེ་རིགས་དབྱེ་ཁག་དབྱེས་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར། བྱ་གཞག་གསར་གཏོད་ཀྱི་གསོ་སྦྱོང་བཅས་ཀྱི་ལས་དོན་སྤེལ་དགོས།

    ལག་ལེན་ནས་ཐོན་སྐྱེད་འཚོ་བ་དང་མཐུན་པ་དང་སྟབས་བདེ་ཉེར་སྤྱོད་ཀྱི་ལག་རྩལ་གསོ་སྦྱོང་དང་། བྱ་གཞག་གསར་གཏོད་གསོ་སྦྱོང་། ལས་གནས་ཐོག་མ་བསྐྱོད་གོང་གི་གསོ་སྦྱོང་། ལས་རིགས་ཐོབ་ཐང་གསོ་སྦྱོང་བཅས་ལ་རྒྱ་ཆེའི་ངལ་རྩོལ་པའི་དགའ་བསུ་ཐོབ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་པར་ར་སྤྲོད་བྱུང་ཡོད།

    ལས་ཞུགས་ཀྱི་གསོ་སྦྱོང་ངལ་རྩོལ་ནུས་ཤུགས་ཁྲོམ་རར་བལྟོས་ནས་བྱེད་དགོས་ཏེ། གསོ་སྦྱོང་གི་ནང་དོན་ལ་ཉེར་སྤྱོད་ཀྱི་རང་བཞིན་དང་སྣེ་མང་ཅན་ཞིག་ལྡན་ཚེ། གཞི་ནས་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བའི་ཁྲོམ་རའི་དགོས་མཁོ་བསྐང་ཐུབ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་དང་། ས་ཞིང་ཤོར་བའི་ཞིང་པ། ལས་སྒུག་གཞོན་ནུ་བཅས་གསོ་སྦྱོང་བྱ་ཡུལ་གཙོ་བོར་བཞག་སྟེ་བབ་དང་བསྟུན་ནས་གསོ་སྦྱོང་བྱས་ཐོག གསོ་སྦྱོང་གི་རྣམ་གྲངས་ཐོན་སྐྱེད་ཀྱི་དགོས་མཁོ་དང་མི་མཐུན་པའི་གནད་དོན་ཁྱད་བསད་དང་གསོ་སྦྱོང་གི་ནང་དོན་ལས་ཞུགས་ཀྱི་དགོས་མཁོ་དང་མི་མཐུན་པའི་སྣང་ཚུལ་མི་ཐོན་པ་བྱེད་དགོས། ལས་སྒུག་གཞོན་ནུ་རིགས་མི་འདྲ་བའི་ལས་ཞུགས་གསོ་སྦྱོང་ལ་ཞུགས་ཏེ་རང་ཉིད་ལ་འཚམ་པའི་ལམ་ཞིག་འཚོལ་རྒྱུ་དང་རྩལ་ནུས་གཅིག་འཇགས་པར་སྐུལ་ལྕག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།