དབུ་ཤོག>གསར་འགྱུར།
  • སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་དངོས་མང་སྟོན་ཚོགས་ཀྱིས་སྐུ་ཉིད་ལ་བསུ་བ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-22

    གནས་ལ་བཟང་པོ་གངས་ཅན་བོད་ལ་ཡོད།

    དེ་ལས་སྐྱིད་པ་དབུས་གཞོང་ལྷ་སའི་གཞུང་།

    སྙན་གྲགས་བ་དན་འཛམ་གླིང་ཡོངས་ལ་ཁྱབ།

    ལོངས་སྤྱོད་མངའ་ཐང་ལྷ་ཡུལ་ལས་ཀྱང་སྐྱིད།

    སྐལ་བཟང་རྫོགས་ལྡན་གྱི་དུས་འདིར།སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་དངོས་མང་སྟོན་ཚོགས་དེ་འཚོག་ལ་ཉེ།   ཡུལ་སྐོར་དང་དངོས་མང་སྟོན་ཚོགས་དེའི་ཐོག་ནས་བོད་ཀྱི་དམིགས་བསལ་རང་བྱུང་མཛེས་ལྗོངས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས།  དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་དབུ་བརྙེས་ ཚུན་གྱི་ལོ་ལྔ་བཅུའི་ནང་ཐོབ་པའི་རླབས་ཆེའི་གྲུབ་འབྲས་དེ་མངོན་ཐུབ་པས་འཛམ་གླིང་ས་ཕྱོགས་ཁག་གི་སྐྱེ་བོ་རྣམས་ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་འདིར་ཕེབས་རྒྱུར་རེ་སྒུག་དང་བསུ་བ་ཞུ།

    གངས་ལྗོངས་ས་མཐོའི་ཆབ་སྲིད་དང་།  དཔལ་འབྱོར། རིག་གནས་བཅས་གསུམ་བླ་ན་མེད་པའི་འཕེལ་རྒྱས་བྱུང་བ་དང་། ཡང་སྒོས་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་བྱས་ཐོག་བོད་ཀྱི་ཡུལ་སྐོར་བྱ་བཞག་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར།  ཞིང་འབྲོག་མང་ཚོགས་ཀྱིས་ལག་གཉིས་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་ཟོག་དང་སྔོ་ལྗང་གི་ཟས་རིགས།  གངས་ཅན་མེས་པོའི་ཕྱགས་རྒྱུན་དུ་བཞག་པའི་མི་རིགས་ལག་ཤེས་ཐོན་རྫས།   བརྒྱུད་བཞིས་གཙོ་བྱས་གསོ་རིག་བདུད་བརྩིའི་ཉིང་ཁུ་ལ་སོགས་པ་མངོན་མིན་རིག་གནས་སྣ་མང་ཞིག་ཁྱེད་ཀྱི་སྤྱན་ལམ་དུ་བཤམ་རྒྱུ་ཡིན།

    མཚར་སྡུག་འོད་སྟོང་འབར་བའི་ཕོ་བྲང་པོ་ཏ་ལ་དང་། སྲོལ་རྒྱུན་མི་རིགས་ལག་ཤེས་ཐོན་ཟོག་གིས་ཁེངས་པའི་བར་སྐོར་ཁྲོམ་གཞུང་།  འཛམ་གླིང་གི་ཡང་རྩེ། མི་ཡུལ་གྱི་གནས་མཆོག   མཁའ་དབྱིངས་ཀྱི་བོད་ལྗོངས། ཁྱེད་དང་ང་ཡིས་ཡིད་དབང་འཕྲོག་པའི་ཞིང་ས། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སོགས་ཀུན་གྱིས་མ་གྲོས་གཅིག་མཐུན་དུ་བསྔགས་ བརྗོད་བྱེད་པའི་གནས་མཆོག་ལྷ་སས་སྐུ་ཉིད་ད་ཐེངས་ཀྱི་ཡུལ་སྐོར་སྟོན་ཚོགས་འདིར་ཕེབས་རྒྱུར་རེ་སྒུག་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།