དབུ་ཤོག>གསར་འགྱུར།
  • འོད་སྟོང་འཕྲོ་བའི་ལོ་ངོ་ལྔ་བཅུ། བརྩེ་སེམས་ལྡན་པའི་བོད་ལྗོངས་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-21

    ལོ་ངོ་ལྔ་བཅུའི་གོང་། ལོ་རྒྱུས་འཕེལ་རྒྱས་ཀྱི་གོམ་བགྲོས་དང་བོད་ལྗོངས་མི་དམངས་རྣམས་ཀྱི་རེ་འདུན་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ དེ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཤིང་མྱུ་གུ་རྒྱས། ལོ་ངོ་ལྔ་བཅུའི་རིང་བོད་ལྗོངས་ཉིད་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད་དེ། འདི་དག་ཐམས་བཅད་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་འཁུར།དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་གི་ཏང་ཨུད་དང་། སྲིད་གཞུང་གིས་ཧུར་བརྩོན་རྒྱལ་སྐྱོང་།བོད་ལྗོངས་མི་དམངས་རྣམས་ཀྱི་དཀའ་སྤྱད་འབད་བརྩོན།རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་བྱུང་བ་ཤ་སྟག་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་བརྒྱུད། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ།གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་ལ་བརྟེན་ནས་སྔོན་ཐོན་ དུད་སྦྲེལ་གཉིས་ལྡན་གྱི་དཔྱད་འདེམས་བྱས་ཡོད་པ་དང་། བརྟན་ལྷིང་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བཙོལ་བཤེར་ལམ་ལུགས་སོགས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་ཞི་བདེ་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད་ལ། མང་ཚོགས་ལ་དེ་བས་ཡག་པའི་འཚོ་བ་ཞིག་བསྐྲུན་ཡོད། ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་པ་ནས་བཟུང་།བོད་ལྗོངས་མི་དམངས་རྣམས་དང་ཐོག་མར་རང་ཉིད་ལ་དབང་བའི་ས་ཞིང་དང་ཕྱུགས་ཟོག་བྱུང་ཡོད། དུས་དེ་ནས་བཟུང་རང་ཉིད་ཀྱི་མི་ཚེའི་ལས་དབང་བསྒྱུར་བ་དང་། མི་དམངས་རྣམས་རང་ཁྱིམ་རང་བདག་བྱུང་།ཆབས་ཅིག་བོད་ལྗོངས་ཉིད་བདེ་སྐྱིད་ཀྱི་རྣམ་པས་ཁེངས་པ་མ་ཟད་བོད་ལྗོངས་གསར་པར་བསུ་བ་ཆེན་པོ་ཞུས།

    དར་རྒྱས། ཡར་ཐོན། དམངས་གཙོ་བཅས་ཀྱི་བོད་ལྗོངས་གསར་པས། སྤྱི་ཚོགས་རིང་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་ཡོད། མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་བཙུགས་ནས་འཁོར་རྒྱུག་བྱེད་པ་སོགས་བྱས་ཏེ་གངས་ལྗོངས་ས་མཐོར་རྣམ་པ་གསར་ཤོས་ཤིག་བསྐྲུན་ཡོད། ས་གཞི་འདིའི་སྟེང་དུ་འཚོ་གནས་བྱེད་པའི་མི་རྣམས་ཀྱིས་འགྱུར་ལྡོག་དེ་མྱོང་བ་དང་ཆབས་ཅིག་འཚོ་བ་གསར་པ་གཏོད་བཞིན་ཡོད་པས། ཐོག་མར་བྱུང་མྱོང་མེད་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་མྱོང་ཐུབ་པ་བྱུང་།  མཁའ་ལམ་ཞེས་པའི་མཚོ་བོད་ལྕགས་ལམ་དང་མཁའ་དབྱིངས་དང་ཆེས་ཐག་ཉེ་བའི་ལྷ་གཞིས་ལྕགས་ལམ་དེས་བོད་ལྗོངས་ཀྱི་ཉེ་བའི་ལོའི་འཕོ་འགྱུར་དག་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།