དབུ་ཤོག
  • ལྷ་ཉིང་གཞུང་ལམ་ཚོད་ལྟའི་རིང་མྱུར་ཚད་སྤྱི་ལེ་80ནས་བརྒལ་མི་ཆོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-20

    ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་གསལ། ལྷ་ཉིང་རིམ་མཐོའི་གཞུང་ལམ(ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་བུམ་བུ)ཟླ་9ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་11པར་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་ཚོད་ལྟ་བྱེད་འགོ་ཚུགས་པ་རེད། 2015ལོའི་ཟླ་9ཚེས་15ཉིན་ནས་2016ལོའི་ཟླ་3ཚེས་15ཉིན་བར་ལོ་ཕྱེད་ཚོད་ལྟ་བྱ་རྒྱུ་ཡིན་པའི་རིང་མྱུར་ཚད་སྤྱི་ལེ་80ནས་བརྒལ་མི་ཆོག་པ་དང་། ཚོད་ལྟ་མཇུག་འགྲིལ་རྗེས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་སྙན་སེང་དང་། མྱུར་ཚད་ལྟ་ཞིབ་ཚད་ལེན། བདེ་འཇགས་འགོག་སྲུང་སྒྲིག་བཀོད་འཁོར་སྐྱོད་གནས་ཚུལ་འཐུས་ཚང་དུ་གཏོང་བའི་གནས་ཚུལ་སོགས་ལ་གཞིགས་ནས་འགྲོ་སྐྱོད་ཚོད་འཛིན་བྱས་པའི་རླངས་འཁོར་དང་མྱུར་ཚད་ཚོད་འཛིན་སྐོར་སླར་ཡང་ལེགས་སྒྲིག་བྱ་རྒྱུ་རེད། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་གསལ། ལྷ་ཉིང་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་པའི་དུམ་བུ་ཚོད་ལྟའི་དུས་མཚམས་སུ་སླེབས་མ་ཐག་ཡིན་སྟབས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ཉིང་མྱུར་བགྲོད་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཉིན་མཚན་མེད་པར་སྐོར་གཡེང་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།