དབུ་ཤོག>གསར་འགྱུར།
  • སྤྱོད་ཚུལ་བཟང་པོའི་ཐོག་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-20

    “བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་བ་བྱས་ནས་རང་ཉིད་ཀྱི་ལས་གནས་ཐོག་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རེ་བ་ཟབ་མོ་གནང་ལུགས་གཅིག་ཏུ་འདུས་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཡིད་ཆེས་དང་མངགས་བཅོལ་གནང་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོར་དངོས་འཛིན་དངོས་སྒྲུབ་ཀྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་སྐུལ་སློང་བཀའ་རྒྱ་བཏང་ཡོད།

    བཀོད་སྒྲིག་བཅུ་ཆ་གཅིག་ལ་དོན་འཁྱོལ་བཅུ་ཆ་དགུ་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པའི་ཐོག་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བརྗིད་ཆེའི་འཆར་གཞི་བཀོད་ཁར་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་རྒྱུར་འཐབ་ཇུས་བཀོད་སྒྲིག་བྱས་པ་དེ་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རེ་སྒུག་ཟབ་མོ་མངོན་པ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་མངོན་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཁ་ཕྱོགས་དང་ལམ་བུ་གསལ་སྟོན་བྱས་ཡོད། ཚོགས་འདུའི་ཐོག་འཆར་འགོད་བྱས་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དོན་དངོས་སུ་འགྱུར་བར། འགག་རྩ་དེ་དོན་འཁྱོལ་དང་ལས་ཀའི་སྤྱོད་ཚུལ་བཟང་པོ་དང་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་ཐོག་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དམིགས་སར་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

    དགོངས་པ་ཟབ་མོས་བྱ་སྤྱོད་ཀྱི་མཐོ་ཚད་གཏན་འཁེལ་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་ཡོད་པ་མ་ཟད། སྤྱི་ཡོངས་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐད་བསྐྱོན་པའི་ལན་ལ་ཆབ་སྲིད་རང་བཞིན་དང་། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཆེན་པོ་ལྡན་པར་བརྟེན་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་རྩ་བའི་བསྟུན་ས་དེ་ཡིན། རིགས་པའི་གཞུང་ལུགས་དང་བཀོད་སྒྲིག་དེ་དག་ལས་བྱེད་པ་དང་མང་ཚོགས་ཚོས་དམ་པོར་འཛིན་པ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་ཟུག་ཚེ། གཞི་ནས་ཁོང་ཚོས་འབད་འཐབ་ལྷོད་མེད་དང་དཀའ་སྤྱད་འབད་འཐབ་བྱེད་པའི་སྒུལ་ཤུགས་སུ་སྒྱུར་ཐུབ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། མི་རིགས་ཁག་གི་མང་ཚོགས་བཅས་ཀྱིས་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བདེ་འཇགས་དང་བརྟན་ལྷིང་དེ་རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པ་ཤེས་རྟོགས་ཟབ་མོ་ཐུབ་པ་བྱེད་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་ལ་སྐུལ་འདེད་གཏོང་རྒྱུ་སྟངས་འཛིན་ནན་པོ་དང་། བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་བླང་བྱ། བྱེད་ཐབས་གལ་ཆེན་བཅས་སྟངས་འཛིན་གཏིང་ཟབ་བྱེད་པ་དང་འབྲེལ་ཚན་རིག་དང་མཐུན་པའི་སྒོ་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་རྒྱུའི་དམིགས་ཚད་ཀྱི་རྩ་བའི་ནང་དོན་ལ་གོ་བ་བླངས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བྱས་ནས་ཚད་མཐོའི་བསམ་བློའི་རང་རྟོགས་ཀྱི་ཐོག་ནས་བྱ་སྤྱོད་ཀྱི་རང་རྟོགས་ལ་ཁྲིད་སྟོན་བྱེད་དགོས།

    “སྤྱོད་ཚུལ་ལེགས་ཤོས་ནི། ཏན་ཏན་ཏིག་ཏིག་ངང་བྱ་བ་སྒྲུབ་རྒྱུ་དེ་ཡིན། འཛམ་གླིང་ཐོག་གི་བྱ་བ་ཚང་མ་ནི་སྒྲུབ་ནས་བྱུང་བ་ཞིག་ཡིན། མ་སྒྲུབ་ན། མར་ཁེ་སི་རིང་ལུགས་ཕྱེད་ཀ་ཡང་མེད”ཅེས་བློ་མཐུན་ཏེང་ཞའོ་ཕིང་གིས་གསུང་མྱོང་ཡོད། དོན་འཁྱོལ་ལ་དམ་འཛིན་མ་བྱས་ན། འཆར་གཞི་ཡག་པོ་ག་ཚོད་ཡོད་ཀྱང་ཤོག་བུ་སྟོང་པ་ལྟར་ཡིན། རེ་འདུན་ཇི་ལྟར་མཛེས་ཀྱང་དེ་བས་སྟོང་པ་ཡིན། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་རྒྱུ་འགན་ལེན་ཡོང་བར་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་པོ་ཡོད། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཡུལ་བབ་དང་བསྟུན་པ་དང་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་ཚོགས་འདུའི་དགོངས་དོན་གོ་དོན་མཐིལ་རྟོགས་དང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤྱི་ཡོངས་སྤྱི་འདོམས་དང་གཙོ་གནད་འབུར་དུ་ཐོན་པ་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་འབྲེལ་སྒྱུར་འཕེལ་བརྟན་གསུམ་ལ་ཤུགས་རྐྱེན་ཐེབས་པའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཞིབ་ཕྲའི་ཇུས་གཞི་དང་ཞིབ་ཕྲའི་བྱེད་ཐབས་ལ་བསྒྱུར་བ་བྱས་ནས་རྩ་དོན་གྱི་གནད་དོན་ཐད་དར་ཆ་གསལ་སྟོན་དང་། འཕེལ་རྒྱས་གནད་དོན་གྱི་ཁ་ཕྱོགས་ཁ་གསལ། དཀའ་གནད་གནད་དོན་ལ་ལན་གསལ་པོ་རྒྱག་པ། གནད་དོན་དངོས་གཙོ་གནད་ཐོག་ཐག་གཅོད་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་བ་བྱེད་དགོས།

    བདེ་སྐྱིད་གནམ་ནས་ལྷུངས་མི་སྲིད། “མི་ཡུལ་གྱི་བདེ་སྐྱིད་མཐའ་དག་དཀའ་ཚེགས་ངལ་རྩོལ་ལ་བརྟེན་ནས་གསར་གཏོད་བྱས་པ་ཞིག་ཡིན”བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་ཐད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་རྒྱ་ཁྱབ་དང་གང་ལེགས་སྐོང་འཐེན་བྱེད་དགོས་པ་མ་ཟད། མི་རིགས་ཁག་གི་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་བརྟེན་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གཙོ་གཟུགས་གནས་བབ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུའི་འགོ་འཛུགས་ས་དང་དོན་ལ་བབས་ས་སྟངས་འཛིན་ནན་པོ་བྱེད་པ་དང་། དམངས་འཚོའི་ཕྱོགས་སྟོན་འབུར་དུ་ཐོན་པ། དམངས་འཚོའི་དམིགས་ཚད་དོན་འཁྱོལ། དཀའ་ངལ་ཡོད་པའི་མང་ཚོགས་དབུལ་སྒྲོལ་ཐུབ་རྒྱུ་དང་། སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་བཅས་མངོན་གསལ་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས། མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་འཕེལ་གྱི་གྲུབ་འབྲས་དེ་བས་ལོངས་སུ་སྤྱོད་ཐུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ནང་ཞུགས་ཚད་དང་ཕན་འབྲས་ཐོན་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། གཞི་རིམ་གྱི་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད། མི་དམངས་ནི་གསར་གཏོད་མཁན་དང་པོ་ཡིན་པའི་སྙིང་སྟོབས་ལ་བརྩི་འཇོག ངལ་རྩོལ་གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་སྤེལ། གོང་བུ་གཅིག་སྒྲིལ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བའི་ཐོག་གཅིག་སྡུད་བྱེད་དགོས།

    དུས་བཀག་ལྟར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་ལྗོངས་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོའི་འགན་འཁྲི་ཁ་གསལ་ཡོང་བ་བྱེད་དགོས་པ་མ་ཟད། དེ་བས་འབད་འབུངས་ཀྱི་སྙིང་སྟོབས་དང་དེ་བས་ལེགས་པའི་ལས་ཀའི་སྤྱོད་ཚུལ་གྱི་ཐོག་ནས་ལས་དོན་ནང་ཞུགས་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་དེ་ཏན་ཏིག་དང་དངོས་འཛིན་དངོས་སྒྲུབ་དང་དེ་བཞིན་སྤོབས་པ་ཆེར་སྐྱེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་འཆར་གཞི་གསར་པ་བཀོད་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་རྒྱལ་ཡོངས་མི་དམངས་ཀྱི་རེ་སྒུག་ལ་དྲིན་ལན་འཇལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།