དབུ་ཤོག>གསར་འགྱུར།
  • ཚད་མཐོ་ཤོས་ཀྱི་སྒོ་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-19

    མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འབྱུང་རྩ་ཡིན་ལ་དེ་བས་བོད་འཕེལ་རྒྱས་དང་ཡར་ཐོན་གྱི་རྨང་རྡོ་ཞིག་ཀྱང་རེད།

    “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ”དང“ཆེས་རྒྱ་ཆེའི་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་འཛུགས་པ་དང་ཚད་མཐོ་ཤོས་ཀྱི་སྒོ་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ་ཐུན་མོང་གི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཐོག་མི་སེམས་དང་སྟོབས་ཤུགས་དག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཐོག་གཅིག་ཏུ་འགྲིལ་དགོས”ཞེས་པའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མཚོན་པ་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་མངག་བཅོལ་དང་རེ་བ་ཆེན་པོ་བཅངས་པ་མཚོན་པ་རེད།

    མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ཐུག་ས་ཡིན། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ》གསན་པ་དང《“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་བློ་འདྲིའི་ལས་དོན་ཇུས་གཞིར》ཞིབ་འཇུག་གནང་ཞིང་། བརྟག་ཞིབ་སྙན་ཞུའི་ནང་དོན་ཕྱོགས་ཡོངས་ལ་ཁྱབ་པ་དང་གཙོ་གནད་མངོན་གསལ་དོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུའི་ཐོག་པར་འགྲེམས་བྱ་རྒྱུའི་མོས་མཐུན་གནང་བ་དང་། ཆེད་དོན་བློ་འདྲིའི་ལས་དོན་ཇུས་གཞི་བཀོལ་སྤྱོད་རང་བཞིན་ཆེ་བ་དང་ལག་ལེན་དུ་འཁྱོལ་ཐུབ་ངེས་ཡིན་པས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དང་མུ་མཐུད་མཐུན་སྦྱོར་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལག་བསྟར་ཧུར་ཐག་བྱས་ནས་ཆེད་དོན་བློ་འདྲིའི་ཐད་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་2015ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྙན་ཞུའི》ཞིབ་དཔྱད་སྙན་ཞུ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག》ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས〉ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་ཞུ་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་ཐད་རྗེས་སྙེག་དང་སྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་སྙན་ཞུ། 2014ལོའི་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་ཀྱི་བྱ་སྤྱོད—བོད་ཀྱི་བྱ་སྤྱོད་བྱེད་སྒོའི་སྙན་ཞུའི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་ཐད་རྗེས་སྙེག་དང་སྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་སྙན་ཞུ་བཅས་གསན་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།

    ཚོགས་འདུའི་ཐོག《ཁྲིམས་འཛུགས་གྲོས་མོལ་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བསམ་འཆར(མ་ཟིན)》ལ་ཞིབ་འཇུག་བྱས་པ་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་འཛུགས་གྲོས་མོལ་བྱེད་པ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་སྤྱི་དམངས་ཀྱིས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ལས་དོན་ཁྲོད་ཞུགས་རྒྱུ་རྒྱ་ཆེར་གཏོང་རྒྱུའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན་པ་དང་། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཚན་རིག་དང་མཐུན་པའི་དམངས་གཙོའི་ཁྲིམས་འཛུགས་ནུས་པ་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གནང་བ་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་སྔར་བས་བསྡུ་ལེན་བྱས་རྗེས་པར་འགྲེམས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།