ཆམ་ནད་ཕོག་དུས་སྐབས་རེ་གཤམ་གྱི་བོད་སྨན་དེ་དག་བསྟེན་ན་བསམ་ཡུལ་ལས་འདས་པའི་ཕན་ནུས་ཐོན་སྲིད།བོད་སྨན་དེ་དག་ནི།
1.མ་ནུ་བཞི་ཐང་།
ནུས་པ་མྱུར་བ། ཁྱད་པར་དུ་ཆམ་པ་ཐོག་མའི་དུས་སུ་བསྟེན་པའི་སྨན།
2.ནོར་བུ་བདུན་ཐང་།
ནུས་པ་མྱུར་བ།
3.འཕྲུལ་ཐང་།
ནུས་པ་མྱུར་བ།
4.ཆམ་ཐང་ཉེར་ལྔ།
ནུས་པ་མྱུར་བ་དང་ཆམ་པ་ལྕི་མོ་ལ་ཕྱི་ལུགས་སྨན་ལས་ནུས་པ་མཆོག་གོ
5.སྤང་ཁྲག་བཅུ་གཉིས།
6.ལུག་མུར་བདུན་པ།
ནུས་པ་ཡང་གོང་གི་ཁུ་བའི་སྨན་ལས་ཅུང་དལ་བ་དང་། ཆམ་པ་ལས་བྱུང་བའི་གློ་ལུ་བ་དང་སྐད་འགག་པ་ལ་ཕན་ནོ།
7.ལོ་གྱོན་རིལ་བུའམ་ལོ་གྱོན་མ།
ནུས་པ་གོང་གི་ཁུ་བའི་སྨན་ལས་ཅུང་དལ་བ་དང་། ཆམ་པ་ལས་བྱུང་བའི་མགོ་གཟེར་བ་ལ་ཕན་ནོ།།
8.རྟ་ཟི་དམར་པོ།
ནུས་པ་གོང་གི་སྨན་ལས་ཅུང་དལ་བ། ནོར་བུ་བདུན་ཐང་དང་རེས་མོས་བཟས་ན་མཆོག
གོང་དུ་བསྟན་པའི་སྨན་བརྒྱད་པོ་ནི་ཆམ་པའི་ནད་རིགས་ལ་ཤིན་ཏུ་ཕན་པའི་བོད་སྨན་ཡིན་པ་དང་། ལུས་ལ་ཞོར་སྐྱོན་ཡང་མེད་དོ། ཡིན་ནའང་མི་འགའ་ཡི་ལུས་ཁམས་ཁྱད་པར་གྱི་རྐྱེན་པས་བོད་སྨན་དེ་དག་བསྟེན་ཡང་ནུས་པ་མི་ཐོན་ཚེ་སྨན་ཁང་ཆེ་བ་བསྟེན་ན་བཟང་།